གོ་ལའི་སྙིང་སྟོབས་གསར་པ། པོད་དང་པོ།


Click on Cover to Preview Book Sample
978-81-970304-2-0
དེབ་གཟུགས། 6.25 X 9.5
ཀུན་ཕན་དེབ་ཕྲེང་། 18
དཔར་སྐྲུན་ལོ། [2024] JA(A)/2024/21
དཔར་གྲངས། 300 (LF/Sahra/71366)
ཤོག་གྲངས། 422
Rs.660

དེབ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྨོན་བཀའ་དགོངས་ལྟར་བྲིས་པ་ཞིག་ཡིན་ལ། འདིའི་དམིགས་ཡུལ་གཙོ་བོ་ནི། འཛམ་གླིང་རང་བཞིན་ཅན་གྱི་ཡང་དག་པའི་ཆོས་ལུགས་རིས་མེད་རྣལ་མ་ཞིག་ལ། ཀུན་གྱིས་གོ་བ་ལོན་ནས་ལག་ལེན་བསྟར་ཐུབ་པའི་ཆེད་དུ་ཡིན། བོད་ལ་རྒྱུས་མངའ་ཆེ་བའི་ཕྱི་རྒྱལ་འབུམ་རམས་པ་འགས། འདི་དགོན་སྡེ་དང་སློབ་གྲྭ་ཁག་གི་སློབ་དེབ་བྱས་ན་ལེགས་པའི་བསམ་ཚུལ་ཡོད།

ད་ལྟའི་བར་དུ་རིས་མེད་བྱེད་ལུགས་ལ། འཛམ་གླིང་རང་བཞིན་ཅན་གྱི་དོན་དང་མཐུན་པའི་གོ་བ་རྣལ་མ་ཞིག་ཀུན་གྱིས་ལོན་མྱོང་མེད་པས། ད་ལྟ་བར་དུ་རིས་མེད་ཀྱི་ལྟ་བས་འཛམ་གླིང་ལ་ཤུགས་རྐྱེན་ཁྱད་དུ་འཕགས་པ་ཞིག་ཐོབ་མྱོང་མེད་ལ།

དེའི་ཕྱིར། འདིར་ཆོས་ལུགས་རིས་མེད་ཀྱི་ལྟ་བ་གོ་སླ་བའི་ཐབས་ལམ་དང་། རྒྱུད་ལ་སྐྱེ་སླ་བའི་ཐབས་ཚུལ། གོ་ནས་རིམ་པ་བཞིན་ལག་ལེན་མཐོར་འདེགས་སུ་གཏོང་ཚུལ་སོགས། འདིར་ཁ་གསལ་བོ་རུ་བྲིས་ཡོད་ལ། དེས་འཛམ་གླིང་ཞི་བདེ་དངོས་ཏེ། དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་པའི་སྐལ་བ་རྫོགས་ལྡན་ཕྱི་མ་དེ་ཇི་ལྟར་འདྲེན་ཚུལ་གསལ་བོར་བཀོད་ཡོད།

དེ་དག་རྒྱས་པར་ཤེས་པའི་མཐུན་རྐྱེན་དུ། གོ་ལ་ཧྲིལ་བོའི་ལྟ་གྲུབ་ཡོད་པའི་ཆོས་ལུགས། རྒྱ་གར་གྱི་ཆོས་ལུགས་ཆེ་ཁག་དང་། ཇུ་དཱ། ཡེ་ཤུ། ཁ་ཆེ། ལྷོ་ཤར་གྱི་ནང་བ་ཐམས་ཅད། ཏཨོ། སི་ཁ་གུ་རུའི་ཆོས། ལྷ་རྒྱལ་ཆོས་དང་། ཆོས་ལུགས་གཞན་པ་ཁག་ཅིག་བཅས། ཀུན་གྱི་བྱུང་རབས། ལྟ་གྲུབ། ཉམས་ལེན་དང་བཅས་པ། མ་ཟད། དེང་དུས་ཚན་གསར་གྱི་བྱུང་རབས་དང་ལྟ་གྲུབ་དང་བཅས་པ། བོད་ཡིག་གི་ཐོག་ཏུ་ཐེངས་དང་བོ་བྱུང་བའོ།།

Comments

Comments

Post a Comment