གཉན་རིམས་བཅོ་བརྒྱད་ཀྱི་རྩ་འགྲེལ་ཕྱོགས་བསྡུས་བློ་དམན་བྱིས་པའི་འཇུག་སྒོ།


Click on Cover to Preview Book Sample
978-81-970304-1-3
དེབ་གཟུགས། 5.5 X 8.5
ཀུན་ཕན་དེབ་ཕྲེང་། 16
དཔར་སྐྲུན་ལོ། [2024] JA(A)/2024/18
དཔར་གྲངས། 300 (LF/Sahra/38586)
ཤོག་གྲངས། 216
Rs.360

དེབ་ཆུང་འདིའི་ནང་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསོ་རིག་ཐད་ཀྱི་མཛད་རྣམ་ཉུང་བསྡུས་ཤིག་དང་། མན་ངག་ལྷན་ཐབས་ཀྱི་ཁུངས་གཏུགས་སའི་གཞུང་དང་བརྒྱུད་པ་འཕེལ་རིམ་གྱི་ངོ་སྤྲོད། གཉན་རིམས་སྤྱིའི་རྒྱུ་རྐྱེན་དབྱེ་བ་སོགས་དང་། གཉན་རིམས་བཅོ་བརྒྱད་པོ་བྱེ་བྲག་གི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་སོགས་ཀྱི་རྩ་ཚིག་ལྟར་འཕྲོས་བཤད་ཀྱི་རིགས་འདོར་ལེན་གང་ཐུབ་བྱས་ནས་འགྲེལ་བཤད་རྣམས་ཕྱོགས་གཅིག་ཏུ་བཏུས་ཏེ་སྒྲིག་པ་ཙམ་ཡིན་ལ། ཀློག་པ་པོ་དག་ལ་བལྟ་བདེ་ཡོང་བའི་ཆེད་དུ་ས་བཅད་ཀྱང་ལེན་ཁུལ་བྱས་ཡོད། སྐབས་རེར་ས་བཅད་ཁ་ཤས་ཤིག་གི་གོ་རིམ་འཁྲུགས་པ་ལྟར་སྣང་ཡང་གསལ་བཤད་ཐུང་ངུ་རེ་བྱས་ནས་རང་སོར་བཞག་ཡོད། གཞན་ཡང་སྨན་སྦྱོར་གྱི་མིང་དང་སྦྱོར་ཚད་སོགས་མཁས་པ་སོ་སོའི་བཞེད་ཚུལ་མི་འདྲ་བ་གང་ཡོད་པ་རྣམས་རེ་རེ་བཞིན་དཔྱད་གཞིའི་ཚུལ་དུ་འགོད་གང་ཐུབ་བྱས་ཡོད།

Comments

Comments

Post a Comment