བཤེས་པའི་སྤྲིང་ཡིག་གི་ཚིག་དོན་ལས་ཁྱིམ་པས་ལྷ་ཆོས་སྒྲུབ་ཚུལ།


Click on Cover to Preview Book Sample
978-81-970304-9-9
དེབ་གཟུགས། 6.25 X 9.5
ནང་ཆོས་དེབ་ཕྲེང་། 46
དཔར་སྐྲུན་ལོ། [2024] JA(A)/2024/17
དཔར་གྲངས། 500 (AF#2406/Sahra/153400)
ཤོག་གྲངས། 642
Rs.900

༄། །བཤེས་པའི་སྤྲིང་ཡིག་གི་ཚིག་དོན་ཁྱིམ་པས་ལྷ་ཆོས་སྒྲུབ་ཚུལ་དང་མཐུན་པར་བཤད་པ་ཞེས་པའི་དཔེ་དེབ་འདི་ནི། རྩོམ་པ་པོས་བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཆེས་སྤྱིར་བཏང་གི་མང་ཚོགས་དཀྱུས་མར་དམིགས་ཏེ་སྣ་འཛོམས་རང་བཞིན་ཅན་དུ་བྲིས་པའི་བཤེས་སྤྲིང་གི་འགྲེལ་པ་རྒྱས་ཤོས་ཤིག་ཡིན་སྟབས། ཚིག་ཚོགས་ཅུང་ཆེ་ནའང་ཀློག་པ་པོ་རྣམ་པས་དཔེ་དེབ་འདིའི་དབུ་ནས་མཇུག་བར་མཐར་ཆགས་སུ་ཀློག་མ་ཐུབ་ཀྱང་རང་ཉིད་གང་ལ་ཤེས་འདོད་ཡོད་པའི་སློབ་ཚན་ཁོལ་ཕྱུང་གིས་ཀློག་ཆོག་པའི་མཐུན་རྐྱེན་བསྐྲུན་འདུག

སྤྱིར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྤྲིང་ཡིག་འདིར་ཆོས་ཕུང་བརྒྱད་ཁྲིའི་ཉིང་བཅུད་ཤླཽ་ཀ་བརྒྱ་དང་ཉེར་གསུམ་དུ་བསྡུས་ཏེ་སྤྲིང་ཡིག་གི་ཚུལ་དུ་རྒྱལ་པོ་བདེ་སྤྱོད་བཟང་པོར་བསྐུར་བའི་པོ་ཏི་ཆུང་ངུ་ཞིག་ཡིན་ནའང་། ད་ལན་གྱི་གཞུང་འདིར་ནི་རང་རེའི་སྤྱི་ཚོགས་ཁྲོད་ནང་པའི་ཆོས་ཚུལ་ཤེས་པར་འདོད་ཀྱང་གཞུང་ལུགས་རྒྱ་ཆེན་པོར་ཐོས་བསམ་བྱེད་པའི་གོ་སྐབས་མེད་པ་ཚོར། ཁ་གསལ་དང་གོ་བདེའི་ལམ་ནས་སྤྲོས་བཤད་ཡང་བཤད་བྱས་ཏེ་འཆད་ཁྲིད་ཀྱི་རྣམ་པར་ཞིབ་འབྲི་བྱས་འདུག་པས་ཕན་ཐོགས་ཆེན་པོ་འོང་བའི་རེ་བ་ཡོད། གཞུང་འདིར་མངོན་མཐོ་ལྷ་མིའི་གོ་འཕང་ནས་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་བསྟན་ཡོད་པར་མ་ཟད། རང་ཅག་རྣམས་ཀྱིས་ཉིན་རེའི་འཚོ་བའི་ཁྲོད་ཆོས་དང་མཐུན་པའི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ་དང་སྐྱེ་བོ་གཞན་གྱི་སྡུག་བསྔལ་ཇི་ལྟར་སེལ་ཚུལ་སོགས་རྒྱས་པར་འཁོད་ཡོད་སྟབས། ཡོད་ན་དེས་ཆོག་ལ་མེད་ན་ཐབས་ཆག་པའི་དཔེ་དེབ་རྩ་ཆེན་ཞིག་ཡིན་པས་ཅིས་ཀྱང་ཀློག་གནང་ཡོང་བ་ཞུ།

Comments

Comments

Post a Comment