སྙིང་གཏམ།


Click on Cover to Preview Book Sample
978-81-964468-3-3
དེབ་གཟུགས། 6 X 8
ཀུན་ཕན་དེབ་ཕྲེང་། 20
དཔར་སྐྲུན་ལོ། [2024] JA(A)/2024/16
དཔར་གྲངས། 1000 (ICT/Sahra/151040)
ཤོག་གྲངས། 152
Rs.450

ཕྱག་དེབ་འདིའི་བརྗོད་བྱ་གཙོ་བོ་ནི་གཤམ་གསལ་ལྟར་ཡིན།
  • རྩ་ཆེའི་གོ་ལར་བཅངས་པའི་བརྩེ་བ་དང་རེ་བ། ཕྱག་དེབ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ངེད་ཅག་གི་རྩ་ཆེའི་ས་ཡི་གོ་ལ་འདིར་བཅངས་པའི་བརྩེ་བ་དང་རེ་བའི་སྐོར་གྱི་ཛ་དྲག་གལ་ཆེའི་བཀའ་མོལ་ཞིག་ཡིན། གཙོ་བོ་ན་གཞོན་སྐྱེས་ཚོ་ཐེ་བའི་སྐྱེ་བོ་ཀུན་གྱི་བློ་མིག་འབྱེད་རྒྱུའི་ཆེད་དུ་ཡིན།
  • ཁོར་ཡུག་དང་སྲོག་ཆགས་སྲུང་སྐྱོབ། འགྲོ་བ་མིའི་བཀོལ་སྤྱོད་དང་བྱ་སྤྱོད་ཀྱི་རྐྱེན་གྱིས་སའི་གོ་ལའི་ཚེ་སྲོག་དང་རང་བྱུང་ཁོར་ཡུག་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པས། ཕྱི་མ་དྲགས་པའི་སྔོན་ནས་ཆག་འཇིག་སླ་བའི་སའི་གོ་ལ་དང་བདག་མེད་སྲོག་ཆགས་རྣམས་སྲུང་སྐྱོབ་བྱེད་པར་ཚང་མས་མཉམ་རུབ་དང་འགན་འཁུར་དགོས་པའི་ནན་སྐུལ་གནང་ཡོད།
  • བྱམས་པ་དང་སྙིང་རྗེའི་གསར་བརྗེ། འཛམ་གླིང་ནང་གི་དངོས་ཡོད་ཀྱི་འགྱུར་བ་ནི་ནང་བསམ་བློའི་འགྱུར་བ་འབའ་ཞིག་ལས་ཡོང་ཐུབ་པས། ང་ཚོའི་རྒྱུད་ཀྱི་རང་གཅེས་འཛིན་གྱི་བསམ་བློ་དོར་ནས སྙིང་རྗེ་དང་། བྱམས་པ། གཞན་ཕན་གྱི་བློ་བསྐྱེད་དེ་སྙིང་རྗེ་དང་ལྡན་པའི་གསར་བརྗེ་ཞིག་དགོས་པའི་སྐོར་གསུངས་ཡོད།
  • གཅིག་ལ་གཅིག་བརྟེན་གྱི་འདུ་ཤེས། འཇིག་རྟེན་འདིའི་ནང་གི་ཆོས་ཐམས་ཅད་དང་། ང་ཚོ་མི་རེ་ངོ་རེའི་བདེ་སྡུག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་ཡོད་པས། འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་དགོས་པ་བསྟན་ཡོད།
  • ༸གོང་ས་མཆོག་གི་ལྟ་གྲུབ། ༸གོང་ས་མཆོག་གི་སྟབས་བདེའི་ཆོས་ལུགས་དང་ལྟ་གྲུབ་ནི་ རྟག་ཏུ་སེམས་པ་བཟང་པོ་བྱ་རྒྱུ་དང་གཞན་ལ་སྙིང་རྗེ་ཉམས་ལེན་བྱ་རྒྱུ་དེ་ཡིན།
  • རི་མོའི་སྒྱུ་རྩལ། དེབ་འདིའི་ནང་གི་བཀའ་སློབ་རྣམས་ཀྱི་དོན་སྙིང་མཚོན་ཕྱིར་ རི་མོ་བ་གྲགས་ཅན་པེ་ཊེག་མེག་ཌོན་ནེལ་མཆོག་གིས་ཡིད་དུ་འོང་བའི་རི་མོ་མང་པོ་བྲིས་གནང་ཡོད།

Comments

Comments

Post a Comment