click on Book Cover for Book Preview
2454-5066
དེབ་གཟུགས། 6.25 X 9.5
གཏམ་ཚོགས། ༢༠༢༤ ལོ་ ༤༤ ཨང་ ༡
དཔར་སྐྲུན་ལོ། [2024] JA(A)/2024/15
དཔར་གྲངས། 300 (LF/VeeEnn/35754)
ཤོག་གྲངས། 146
Rs.150
༄༅། ། དུས་དེབ་ <<གཏམ་ཚོགས་>> འདི་ནི་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས་པ་ཞིག་ཡིན། དུས་དེབ་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཆོས་རིག་དང༌། ལོ་རྒྱུས། སྤྱི་ཚོགས་ཀྱི་འཛུགས་སྐྲུན། གོམས་གཤིས་སོགས་བོད་དང་བོད་རིགས་སུ་གཏོགས་པའི་མང་ཚགས་ནང་གོ་རྟོགས་ཁྱབ་སྤེལ་དང་གོང་སྤེལ་ཡོང་ཆེད་ཡིན། དེ་དང་ཆབས་ཅིག་བོད་དང་བོད་མིའི་རིག་གཞུང་ལ་ཐུགས་སྣང་ཅན་གྱི་ཕྱི་ནང་གི་མཁས་དབང་ཉམས་མྱོང་ཅན་ཡོངས་ནས་བོད་དང་འབྲེལ་བའི་ཆོས་རིག་ལོ་རྒྱུས་ཁ་སྐོང་ཉམས་ཞིབ་ཀྱི་དཔྱད་གཏམ་རྩོམ་བྱང་སྣ་ཚོགས་སྤེལ་བའི་རྟེན་གཞི་ཞིག་ཀྱང་ཡིན།
དུས་དེབ་འདིའི་ནང་གི་རྩོམ་ཡིག་ཁག་དང་དེའི་རྩོམ་པ་པོའི་མིང་གཤམ་གསལ་ལྟར་ཡིན།
- ཏུན་ཧོང་བོད་ཀྱི་ཡིག་རྙིང་ཞིབ་འཇུག་གི་ལོ་རྒྱུས་དང་ད་ལྟའི་གནས་བབ། དགེ་བཤེས་ཁྲི་གཡུང་དྲུང་།
- ཡུམ་བུ་བླ་སྒང་ནི་བོད་བཙན་པོའི་དུས་ཀྱི་སྐུ་མཁར་ཞིག་ཡིན་མིན་ལ་རགས་ཙམ་དཔྱད་པ། དབང་ཕྱུག་རྒྱལ་མཚན། (གསེར་ལྗོངས་མྱུ་གུ)
- ཏྲེ་ཧོར་དཀར་མཛེས་ཀྱི་པང་ཡོད་ནག་པོ། མགན་པོ་ཀཿབྲག་དངོས་གྲུབ་བསོད་ནམས།
- པྲ་སྟི་འཇམ་དབྱངས་དཀར་པོ་ཞུ་བ་སུ་ཡིན་ནམ། དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།
- མིང་ལེའི་སྒྲ་སྒྲུབ་ཚན་པ་དང་པོ། ན་ག་སངས་རྒྱས་བསྟན་དར།
- རྒྱལ་ཆེན་རྩེའི་སྐོར་ལ་ཐོག་མར་དཔྱད་པ། ཆུང་ཚེ་རིང༌།
- ཕྱི་ལོ་ ༡༩८༠-༡༩8༨ བར་གྱི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་སྦྲང་ཆར་དུས་དེབ་ནང་གི་གྲགས་ཆེ་བའི་བོད་ཀྱི་སེམས་རྨའི་སྒྲུང་ཐུང་ལ་ཆེ་ལོང་ཙམ་དཔྱད་པ། ཚར་པ་གནམ་གྲུ།
- དུས་རབས་བརྒྱད་པའི་སྐབས་བསམ་ཡས་སུ་བཞུགས་པའི་བཙན་པོའི་བཀའ་གཙིགས་དང་རྡོ་རིང་གི་ཡི་གེ་ཁག་ཅིག་གསར་དུ་འཚོལ་ཞིབ་དང་ངོ་སྤྲོད། འབུམ་རམས་པ་སྨན་ཤེར་བློ་གྲོས།
Comments
Post a Comment