Click on Cover to Preview Book Sample
978-81-967911-9-3
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 50
དཔར་སྐྲུན་ལོ། [2023] JA(A)/2023/52
དཔར་གྲངས། 300 (LF/VeeEnn/71862)
ཤོག་གྲངས། 400
Rs.690
༄། །དེབ་འདི་ནི་ལོ་ཙཱ་བ་ན་བུན་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ནས་ ༢༠༢༠ བར་འཛམ་གླིང་ཤར་ནུབ་ཀྱི་སྙན་ངག་པ་གྲགས་ཅན་ལྔ་བཅུ་སྐོར་ཞིག་གི་སྙན་རྩོམ་བོད་སྐད་དུ་བསྒྱུར་བའི་བསྒྱུར་རྩོམ་ཕྱོགས་སྒྲིག་ཅིག་ཡིན། དེབ་ཀྱི་བརྗོད་བྱ་གཙོ་བོ་ནི་གཤམ་གསལ་ལྟར་ཡིན།འཛམ་གླིང་སྙན་རྩོམ་བདམས་བསྒྱུར། དེབ་འདིའི་ནང་འདས་པའི་དུས་རབས་གསུམ་གྱི་ནང་དུ་རིམ་པར་བྱུང་བའི་ཤར་ནུབ་ཀྱི་སྙན་ངག་པ་གྲགས་ཅན་དག་གི་རང་མོས་སྙན་ངག་དང་ཚིགས་བཅད་བདམས་སྒྲིག་བྱས་ཡོད།
སྤྱི་ཚོགས་དང་བདེ་དོན། སྙན་ངག་གང་ཞིག་གི་བརྗོད་བྱ་ནི་རྩོམ་པ་པོ་རང་རང་སོ་སོའི་སྤྱི་ཚོགས་ཀྱི་བདེ་དོན་དང་ལམ་ལུགས་ལ་སྦྱར་ཏེ་བརྩམས་པ་ཤ་སྟག་ཡིན།
རྩོམ་པ་པོའི་ལོ་རྒྱུས་རྒྱབ་ལྗོངས། སྙན་ངག་རེ་རེའི་སྔོན་དུ་རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་རེ་བཀོད་ཡོད་པས། སྙན་ངག་གི་ལོ་རྒྱུས་རྒྱབ་ལྗོངས་ཤེས་པར་ཕན་ཐོགས་ཆེ།
མི་ཚེའི་སྐྱིད་སྡུག སྙན་ངག་འདི་དག་གི་ནང་དུ་འགྲོ་མིའི་བརྩེ་དུང་། དགའ་སྐྱོ་ཆགས་སྡང་། དམག་འཁྲུག་དང་མུ་གེ ཞི་བདེ་དང་མངའ་ཐང་། དེ་བཞིན་རང་བྱུང་ཁམས་ཀྱི་མཛེས་པ་སོགས་མིའི་འཚོ་བའི་གནས་བབ་སྣ་ཚོགས་མཚོན་ཡོད།
Comments
Post a Comment