Click on Cover to Preview Book Sample
978-81-90752-84-3
དེབ་གཟུགས། 5.5 X 8.5
རྣམ་ཐར་དེབ་ཕྲེང་། 36
དཔར་སྐྲུན་ལོ། [2024] JA(A)/2024/09
དཔར་གྲངས། 1000 (AF#/Sahra/240720)
ཤོག་གྲངས། 382
Rs.720
༄། མཛད་རྣམ་འདིའི་ནང་གུང་ཐང་སྐུ་ཕྲེང་དྲུག་པ་༸རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་པོ་མཆོག་གི་མཛད་རྣམ་རྒྱ་མཚོ་ལྟ་བུ་ལས། གཙོ་བོ་རིག་གཞུང་དར་སྤེལ་སོགས་བོད་ཀྱི་སྲིད་འབྱོར་རིག་གསུམ་ཡར་རྒྱས་གཏོང་ཐབས་ལ་ཕྱོགས་ཡོངས་ནས་སྐུ་ངལ་ཚད་མེད་བསྐྱོན་པའི་སྐོར་རྩལ་དུ་བཏོན་ནས་བྲིས་འདུག་པ་སྟེ། སྐབས་དེའི་རང་མི་རིགས་ཀྱི་ལས་དབང་དང་སྲིད་ཇུས་གནས་བབ་ཀྱི་དབང་གིས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་སྲོལ་ལ་བསྟུན་མཁས་ཀྱིས་མ་འོངས་པའི་སོན་རྩ་རྣམས་འདབ་གཤོག་གཉིས་ལྡན་གྱི་བོད་ཕྲུག་རྣལ་མ་ཞིག་ཡོང་ཐབས་ལ་བཀའ་དྲིན་ཚད་མེད་བསྐྱངས་པའི་སྐོར་དང་། ལྷག་པར་དུ་རྗེ་འདིས་སྙིང་སྟོབས་དང་བཟོད་པའི་གོ་ཆ་བགོས་ཏེ་༸ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་པོའི་ཕྱག་གཡས་པ་ལྟ་བུ་གནང་ནས། བོད་ཀྱི་ཆོས་རིག་གི་རྒྱུན་ཐག་ཆེས་ཉག་ཕྲ་བའི་དུས་སུ་སྐུ་ཚེ་མི་རིགས་ལ་ཕུལ་བའི་མཛད་རྣམ་གྱི་ངོས་གལ་ཆེན་ཞིག་རྩལ་འདོན་གནང་སྟེ། འབྲེལ་ཡོད་སྐུ་པར་གང་མང་ཞིག་གི་ལམ་ནས་ཀྱང་བྱུང་རིམ་ལ་ཁུངས་སྐྱེལ་བྱས་འདུག་པ་སོགས་ཡིག་འཇོག་རླབས་ཆེན་བྱས་འདུག་པས་རྩོམ་པ་པོར་བཀའ་དྲིན་ཆེའོ་ཞུ།།
Comments
Post a Comment