ཐུབ་པའི་དགོངས་པ་རབ་ཏུ་གསལ་བ།


Click on Cover to Preview Book Sample
978-81-967911-4-8
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 45
དཔར་སྐྲུན་ལོ། [2024] JA(A)/2024/08
དཔར་གྲངས། 500 (SF/Sahra/54280)
ཤོག་གྲངས། 216
Rs.300

༄༅། །གཞུང་འདིའི་བསྟན་དོན་ནི། གློ་བོ་མཁན་ཆེན་བསོད་ནམས་ལྷུན་འགྲུབ་མཆོག་གིས། “གཞུང་འདིར་ནི་གནས་སྐབས་བཅུར་གསུངས་པའི་དབང་དུ་བྱས་ཏེ། རྟེན་གྱི་གང་ཟག་ཐེག་པ་ཆེན་པོའི་རིགས་སད་པ་ཞིག་གིས་སྐྱབས་འགྲོ་ཁྱད་པར་བཞི་ལྡན་རྩོམ་བྱེད་དུ་བྱས་ནས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ཉམས་སུ་བླངས་པས། གནས་སྐབས་ཀྱི་འབྲས་བུའི་ས་ལམ་རྣམས་བགྲོད་དེ། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཚུལ་རྒྱས་པར་འཆད་པ་ཡིན་ནོ། །”ཞེས་གསུངས་པ་ལྟར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་རིམ་པ་ཚང་ལ་མ་ནོར་བར་རྒྱས་བསྡུས་འཚམ་པར་གསུངས་ཡོད།

གཞན་ཡང་གཞུང་འདིའི་མཇུག་བྱང་དུ། “ཚོགས་ཆོས་འདི་དབུས་གཙང་ཁམས་གསུམ་དུ་ངས་ཐམས་ཅད་ལ་བཤད་པ་ཡིན་པས། ངའི་སློབ་མ་ཐམས་ཅད་ཀྱིས་ལུང་ཐོབ་པ་ཡིན་པས་ཡི་གེ་འདི་ལ་ལྟོས་ལ་ཤོད། འདི་བཞིན་ཉམས་སུ་ལོངས།” ཞེས་གསུངས་པ་ལྟར། ས་སྐྱ་པཎ་ཆེན་རྒྱ་ནག་ཏུ་བཞུགས་སྐབས་སློབ་བུ་ཚོས་ཕྱིར་བོད་གངས་ཅན་དུ་འབྱོན་དགོས་པའི་ཞུ་ཡིག་ལན་མང་ཕུལ་བ་ན། ཚོགས་ཆོས་ཆེན་མོའམ་ཐུབ་པ་དགོངས་གསལ་ཞེས་བྱ་བའི་བསྟན་བཅོས་འདི་ལྗགས་རྩོམ་མཛད་དེ། རང་རེ་གངས་ཅན་པ་རྣམས་ལ་སྐུ་ཡི་སྐུ་ཚབ་དང་གསུང་གི་གསུང་ཚབ་ཏུ་སྩལ་བ་ཡིན་སྟབས་ངེས་པར་ཉམས་སུ་ལེན་གལ་ཆེའོ།།

Comments

Comments

Post a Comment