Click on Cover to Preview Book Sample
978-81-967911-2-4
དེབ་གཟུགས། 5.5 X 8.5
ལོ་རྒྱུས་དེབ་ཕྲེང་། 88
དཔར་སྐྲུན་ལོ། [2024] JA(A)/2024/06
དཔར་གྲངས། 300 (LF/Sahra/49914)
ཤོག་གྲངས། 272
Rs.450
༄། །མི་ཚེའི་མྱོང་བ་རང་བཞིན་ལྷུན་གྲུབ་ཅེས་པ་འདི་ནི་རྩོམ་པ་པོ་ཀརྨ་འགྱུར་མེད་དབང་གྲགས་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཁོང་རང་ཉིད་ཀྱིས་བྲིས་པ་ཞིག་ཡིན། ཁོང་ནི་ཉི་ཧོང་དུ་སློབ་སྦྱོང་གི་གོ་སྐབས་ཐོབ་པའི་བོད་ཕྲུག་དང་པོའི་ཁོངས་ནས་གཅིག་ཡིན་ཞིང་། གནའ་དེང་ཟུང་གི་སློབ་སྦྱོང་ལ་རྒྱུས་མངའ་ཧ་ཅང་ཆེ་བ་དང་། བོད་མིའི་ལར་ཞེན་མཚུངས་ཟླ་མ་མཆིས་པ། རང་གི་རིག་གཞུང་ལ་ཞེན་པ་དཀར་ཞིང་། སྙིང་སྟོབས་ཅན་གྱི་རྒྱལ་གཅེས་པ་ཞིག་ཏུ་མཇལ། གཞན་ཀུན་དང་འགྲན་ཟླ་མ་མཆིས་པའི་འཇུ་ཌོ་(judo)ཡི་དགེ་རྒན་སྙན་གྲགས་ཅན་ཞིག་ཀྱང་ཡིན། ཁོང་གིས་བོད་གཞུང་བདེ་སྲུང་གི་སྲི་ཞུ་བ་རྣམས་དང་། རྒྱ་གར་གྱི་སློབ་གྲྭ། བོད་མིའི་སློབ་གྲྭ། རྒྱ་གར་གྱི་དམག་སྒར། སུད་སི། འབྲུག ཨ་རི་བཅས་སུ་འཇུ་ཌོ་སློབ་ཁྲིད་གཟེངས་སུ་ཐོན་པ་གནང་ཡོད། གལ་ཏེ་ལོ་རྒྱུས་འདི་ཉིད་དཔྱིས་ཕྱིན་པ་ཞིག་ལྗགས་ཀློག་གནང་རྒྱུ་བྱུང་ན་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པའི་ཕྱི་སྨིན་ལ་ནང་མ་སྨིན་པའི་མཚན་གཞི་ཚད་དང་ལྡན་པ་འགའ་ཞིག་རང་རེའི་སྤྱི་ཚོགས་དང་སྦྱར་ཏེ་བཀོད་གནང་འདུག །གཞན་ཡང་ཁོང་ལ་སློབ་གསོ་ཐོབ་པ་གཅིག་ནི་ནམ་ཡང་སྲིད་དོན་པ་ཞིག་མ་བྱེད་ཅེས་པ་དེ་རེད་འདུག །མདོར་ན་ཧ་ཅང་ཀློག་བདེ་ལ་གོ་སླ་བའི་རང་བྲིས་ལོ་རྒྱུས་རྨད་བྱུང་ཞིག་ཏུ་མཇལ་བྱུང་།
Comments
Post a Comment