ཆོས་ཀྱི་ཚིགས་སུ་བཅད་པའི་འགྲེལ་པ། སྨད་ཆ།


Click on Cover to Preview Book Sample
978-81-967911-0-0
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 44
དཔར་སྐྲུན་ལོ། [2024] JA(A)/2024/05
དཔར་གྲངས། 500 (LF/Sahra/77880)
ཤོག་གྲངས། 336
Rs.450

༄༅། །སྤྱིར་རང་རེའི་རིག་གཞུང་དང་ཁྱད་པར་དུ་རྒྱ་མཚོ་ལྟར་ཟབ་པའི་བོད་བརྒྱུད་ནང་དོན་རིག་པའི་གཞུང་ལུགས་ཀྱི་ཁྱབ་ཁོངས་སུ་ཆོས་ཀྱི་ཚིགས་སུ་བཅད་པ་འདི་ནི་གྲགས་ཤིན་ཏུ་ཆེ་ཞིང་། ཐུབ་པ་སངས་རྒྱས་ཉིད་ཀྱིས་དུས་དང་གནས་ངེས་མེད་དུ་དགོས་པའི་དབང་གིས་རྟོག་པ་དང་ཐེ་ཚོམ་སོགས་ཀྱི་དྲ་བས་ཡོངས་སུ་བཅིངས་ཏེ་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་གང་ཟག་ཐ་མལ་པ་རྣམས་ཀྱི་འཕྲལ་དང་ཕུགས་ཀྱི་འདོད་དོན་སྒྲུབ་ཕྱིར་དེ་དག་གི་ངོར་དངོས་སུ་མཛད་པའི་གཞུང་བྱིན་རླབས་ཅན་ཞིག་ཡིན་སྟབས། རང་རེའི་ཤེས་རིག་གི་བང་མཛོད་ནང་དེ་ལྟ་བུའི་གཞུང་ཆ་ཚང་བ་ཞིག་མེད་ན། བང་མཛོད་ཀྱི་ཕྱོགས་ཤིག་ན་སྟོང་སང་གི་ཆ་ཞིག་མངོན་པས། དེ་འགེང་རྒྱུ་གནད་ཤིན་ཏུ་ཆེ་ཞིང་མ་བཀང་ན་ཤེས་ལྡན་པ་རྣམས་ཀྱི་བློ་ཁ་མ་རྫོགས་པར་འགྱུར་བར་དགོངས་ཏེ། འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱི་ལམ་སྟོན་འོག་བསྒྱུར་ཟིན་པའི་རྩ་བ་རང་འཇགས་བཀོལ་ཏེ། གླེང་གཞིའི་ཚུལ་དུ་རྩ་བ་དང་འབྲེལ་བའི་སྒྲུང་དང་། འགྲེལ་པ། བསྟན་དོན་བཅས་རང་སྐད་དུ་སྒྱུར་བར་འབད་བརྩོན་ཞུས།

Comments

Comments

Post a Comment