Click on Cover to Preview Book Sample
978-81-967182-1-3
དེབ་གཟུགས། 6.25 X 9.5
ལོ་རྒྱུས་དེབ་ཕྲེང་། 86
དཔར་སྐྲུན་ལོ། [2023] JA(A)/2023/47
དཔར་གྲངས། 1000 (AF#/VeeEnn/183254)
ཤོག་གྲངས། 426
Rs.540
ཨཱཙཱརྱ་བསྟན་འཛིན་བསྟན་སྐྱོང་དང་བློ་བཟང་བསྟན་པ་གཉིས་ཀྱིས་བསྒྱུར།
༈ ལྷོ་ཨེ་ཤི་ཡ་དང་ཨེ་ཤི་ཡ་ནང་མའི་རིག་པ་དང་འབྲེལ་བའི་དཔེ་དེབ་འདི་ཡིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་དང་ནུབ་ཁ་མིང་ཚུད་པའི་མོན་ཡུལ་གྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་ལོ་རྒྱུས་གསལ་སྟོན་བྱེད་ཅིང་། དེ་ཡང་གཙོ་བོ་དུས་རབས་བཅུ་དྲུག་པ་དང་བཅུ་བདུན་པའི་ནང་བོད་དང་འབྲུག་ཡུལ་གྱི་ལོ་རྒྱུས་དང་འབྲེལ་ཏེ་མོན་ཡུལ་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་དཔྱད་བཞིན་དཔེ་དེབ་འདིའི་ནང་ཕྱི་ལོ་ ༡༦༨༠ ལོར་༸རྒྱལ་བ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་སྩལ་བའི་བཀའ་ཤོག་དང་། དེ་རྗེས་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ནས་ཕྱི་ལོ་ ༡༧༣༡ ལོར་རྒྱབ་སྣོན་དུ་སྩལ་བའི་བཀའ་ཤོག་བརྒྱུད་དེ་མོན་ཡུལ་ཇི་ལྟར་བོད་ཀྱི་མངའ་ཁོངས་སུ་བསྡུ་ཚུལ་སྐོར་དཔྱད་ཞིབ་བྱས་ཡོད། དེ་དང་འབྲེལ་ཏེ་དཔེ་དེབ་འདིར་མོན་ཞེས་པའི་ཐ་སྙད་སྒྲུབ་ཚུལ་དང་། ལྷག་པར་དུ་དེ་ཉིད་རྒྱ་ཆེ་ས་ནས་བཀོལ་སྤྱོད་བྱ་ཚུལ་ཐད་ཀྱང་ཉམས་ཞིབ་བྱས་ཡོད།
དཔྱད་བརྗོད་འདི་ནི་བོད་ཀྱི་ཁྲིམས་ཡིག་ཁག་དང་། རྣམ་ཐར་དང་རང་རྣམ་ཐེ་བའི་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ལ་ཉམས་ཞིབ་བྱས་པའི་རྙེད་དོན་ལ་གཞི་བཅོལ་ཡོད་ལ། ཁུངས་ཡིག་མང་དག་ཅིག་འདིར་མཆན་འགྲེལ་དང་ངོ་བཤུས་བཅས་པ་བཀོད་ཡོད། ས་ཁུལ་དེའི་སྐོར་ཞིབ་ཚགས་པོས་ཉམས་ཞིབ་བྱ་རྒྱུ་ནི་དགོས་གལ་ཆེ་བ་མ་ཟད་དུས་དང་འཚམ་པ་ཞིག་ཀྱང་ཡིན། ཉམས་ཞིབ་འདིའི་ནང་ས་ཁུལ་དེའི་སྤྱི་ཡོངས་ལོ་རྒྱུས་ཀྱི་འཕེལ་རིམ་བསྟན་པ་ཙམ་མ་ཟད། ད་ལྟའི་རྒྱ་དཀར་ནག་བར་གྱི་ས་མཚམས་འབྲེལ་བ་རྟོགས་པར་རྒྱ་ཆེ་བའི་སྐབས་དོན་གནས་སྟངས་དང་། རྒྱབ་ལྗོངས་གནས་ཚུལ་བསྟན་ཡོད། འབྲེལ་བ་དེ་ཉིད་ལོ་རྒྱུས་རང་བཞིན་ལྡན་པའི་འཕགས་བོད་ས་མཚམས་དང་འབྲེལ་བ་ཆེན་པོ་ཡོད།།
Comments
Post a Comment