Click on Cover to Preview Book Sample
978-81-964468-6-4
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 48
དཔར་སྐྲུན་ལོ། [2023] JA(A)/2023/44
དཔར་གྲངས། 500 (LF/VeeEnn/45135)
ཤོག་གྲངས། 168
Rs.270
རེ་བའི་སྐྱ་རེངས་ཀྱིས་བརྩམས།
༈ ན་གཞོན་རྩོམ་པ་པོ་རེ་བའི་སྐྱ་རེངས་ལགས་ཀྱིས་ལོ་མང་རིང་རྒྱུན་བསྐྱངས་ཏེ་བརྩམས་གནང་བའི་སྙན་རྩོམ་གྱི་དེབ་ཆུང་འདི་ནི། གཙོ་བོ་སྲོལ་རྒྱུན་རྩོམ་ལུས་ཀྱི་ཁྱད་ཆོས་སྲོག་ཤིང་དུ་བཟུང་ཞིང་། ད་ལྟའི་དམངས་ཁྲོད་ཀྱི་ངག་རྩལ་ཡིད་དུ་འོང་བ་དག་རྩོལ་མེད་ལྷུན་ཆགས་ཀྱི་ལམ་ནས་ཅི་དགར་སྤྱད་དེ་བྲིས་ཡོད་པས་གནའ་དེང་ཟུང་འཇུག་གི་རྩོམ་ལུས་ཉམས་འགྱུར་ལྡན་པ་ཞིག་ཏུ་གྲུབ་འདུག །དེའང་ས་བཟང་མ་ཏི་པཎ་ཆེན་གྱིས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཚིག་རྒྱན་ཤེས་ན་སྙན་དངགས་ལ་མི་རྨོངས། ཞེས་གསུངས་པ་ལྟར་རྩོམ་པ་པོ་ཁོང་མིང་ཚིག་འདྲ་མིན་གྱི་གཏེར་ལྟ་བུར་གྱུར་ཅིང་སྡེབ་སྦྱོར་ལ་བྱང་ཆ་ལྡན་པས། འདིར་འཁོད་ཚེག་བར་དྲུག་ཅན་ནས་ཚེག་བར་བཅོ་ལྔ་ཅན་གྱི་བར་རྐང་པ་རིང་ཐུང་མི་འདྲ་བའི་ཚིགས་བཅད་དུ་བསྡེབས་པ་དག་ཧ་ཅང་སྙན་ལ། མངོན་བརྗོད་ཀྱིས་བཅིངས་ཤིང་སྒྲ་རྒྱན་གྱི་ལམ་ནས་བྲིས་པའང་ཇི་སྙེད་ཅིག་མཇལ་དུ་ཡོད། དེས་ན་སྙན་དེབ་འདི་ནི་གཞོན་སྐྱེས་སྙན་ངག་སྦྱོང་མཁན་ཚོར་སྙན་ངག་གི་སྒོ་མོ་འབྱེད་པའི་རྩོམ་དཔེ་འོས་འཚམ་ཞིག་ཏུ་འགྱུར་རྒྱུ་གདོན་མི་ཟ་བས་འཛུམ་པའི་མདངས་དང་བཅས་ཏེ་ཀློག་པར་ཞུ།
Comments
Post a Comment