བདེ་སྐྱིད་ཀྱི་ལམ་ཡིག


Click on Cover to Preview Book Sample
978-81-964468-8-8
དེབ་གཟུགས། 5.5 X 8.5
ཀུན་ཕན་དེབ་ཕྲེང་། 17
དཔར་སྐྲུན་ལོ། 2023  [JA(A)/2023/41]
དཔར་གྲངས། 500  [AF#/V]
ཤོག་གྲངས། 408
Rs.600

༄། གནའ་སྔ་མོ་དང་མི་འདྲ་བར་ད་ལྟའི་འཛམ་གླིང་འདི་ནི་ཚན་རྩལ་རིག་པའི་མྱུར་ལམ་ལ་བརྟེན་ནས་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ཏེ། འགྲིམ་འགྲུལ་སྟབས་བདེ་སོགས་ཀྱི་རྐྱེན་པས་དཔལ་འབྱོར་ཡར་རྒྱས་བློས་མི་དཔོག་པ་ཞིག་ཕྱིན་པ་དང་མཉམ་དུ། ལས་བྲེལ་དང་འགྲན་རྩོད་ཀྱི་ཡོ་ལང་ཚད་ལས་བརྒལ་བ་བྱུང་སྟེ་དུས་རབས་སྔོན་མ་རྣམས་སུ་གོ་ཐོས་ཙམ་ཡང་མེད་པའི་སེམས་ངལ་གྱི་ནད་གཞི་བཅོས་དཀའ་བ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། དེ་འདྲ་བའི་དུས་སྐབས་འདིར་དཔེ་དེབ་འདིའི་རྩོམ་པ་པོས་གཙོ་བོ་༸གོང་ས་མཆོག་གི་བླ་ན་མེད་པའི་དགོངས་གཞི་ལྟར། ནང་པའི་སེམས་ཁམས་རིག་པའི་གཞུང་དུ་གསལ་བའི་སེམས་ངལ་ལེགས་བཅོས་ཀྱི་ཐབས་ལམ་མང་པོ་ཞིག་རྩལ་འདོན་གནང་ཞིང་། དེ་ལ་ཡིད་ཆེས་པའི་ལུང་དང་། སྒྲུབ་བྱེད་ཀྱི་རིགས་པ། གོ་སླ་བའི་དཔེ། དགོད་བྲོ་བའི་གཏམ་རྒྱུད་སོགས་ཐབས་རྩལ་སྣ་མང་གིས་བརྒྱན་ཏེ་མི་ཚེའི་བདེ་སྐྱིད་སྒྲུབ་ཐབས་གནད་དུ་འཁེལ་བ་ཞིག་བརྩམས་འདུག་པ་འདིའི་ཚིག་སྦྱོར་བདེ་ཞིང་གོ་སླ་བའི་ཁར། དཔེ་འཇོག་དང་གཏམ་རྒྱུད་བཀོད་པ་ཁག་ཀྱང་མིག་མཐོང་ལག་ཟིན་དུ་བྱུང་བའི་དངོས་ཡོད་དག་གཙོར་འདོན་གྱིས་བཀོད་ཡོད་སྟབས་བློ་ལ་ཧ་ཅང་གི་འཇུག་བདེ་བ་ཞིག་གོ།

Comments

Comments

Post a Comment