Click on Cover to Preview Book Sample
978-81-964468-4-0
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 43
དཔར་སྐྲུན་ལོ། [2023] JA(A)/2023/40
དཔར་གྲངས། 300 (LF/VeeEnn/67968)
ཤོག་གྲངས། 280
Rs.390
མཛད་པ་པོ། མཉམ་མེད་དྭགས་པོ་ལྷ་རྗེ།
༄༅། །དམ་ཆོས་ཡིད་བཞིན་གྱི་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ཞེས་བྱ་བའི་བསྟན་བཅོས་འདིའི་རྩོམ་ལུས་ཇི་ལྟ་བུ་ཞེ་ན། རྗེ་སྒམ་པོ་བ་རང་གིས་མཛད་པའི་བསྟན་བཅོས་འདིའི་ཐོག་མར། “རྒྱུ་དང་རྟེན་དང་རྐྱེན་དང་ནི། །ཐབས་དང་འབྲས་བུ་ཕྲིན་ལས་ཏེ། །བླ་མེད་བྱང་ཆུབ་སྤྱི་སྡོམ་དྲུག །བློ་ལྡན་རྣམས་ཀྱིས་ཤེས་པར་བྱ། །”ཞེས་གསུངས་པ་ལྟར་གནད་ཀྱི་སྤྱི་སྡོམ་ཆེན་པོ་དྲུག་གིས་གཏན་ལ་ཕབ་སྟེ། རྒྱུ་བདེ་གཤེགས་སྙིང་པོ་དང་། རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེ་ཡི་གདམས་ངག །འབྲས་བུ་རྫོགས་པའི་སངས་རྒྱས། འཕྲིན་ལས་འགྲོ་བའི་དོན་མཛད་པ་བཅས་མདོར་བསྟན་དང་རྒྱས་བཤད་གཉིས་རེའི་སྒོ་ནས་ལེའུ་ཉེར་གཅིག་ཏུ་བགོས་ཏེ་གསུངས་ཡོད་པ་སོགས། མདོར་ན་གཞུང་འདིར་ནི་བྱང་ཆུབ་ལམ་སྒྲོན་གྱིས་གཙོས་ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་སྟོན་པའི་གཞུང་ལུགས་མཐའ་དག་གི་གནད་འདུས་པར་མ་ཟད། ཀརྨ་ཞྭ་དམར་བཞི་པ་ཆོས་ཀྱི་གྲགས་པའི་གསུང་ལས། “དེ་འདྲའི་མགོན་པོ་གང་གིས་ལེགས་སྦྱར་བ། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་འདི། །རྗོད་བྱེད་སྡེབ་ལེགས་བརྗོད་བྱ་རྒྱ་ཆེ་ཞིང༌། །ཚིག་དོན་འདྲིལ་ཞིང་མཆོག་ཏུ་གོ་སླ་བས། །སྔོན་བྱོན་ད་ལྟར་བྱུང་བའི་ལམ་རིམ་གྱི། །བསྟན་བཅོས་ཀུན་གྱི་རབ་དང་ཕུལ་དུ་གྱུར། །”ཅེས་གསུངས་པ་སོགས་འབུར་དུ་ཐོན་པའི་ཁྱད་ཆོས་ཕུན་སུམ་ཚོགས་པས་ན་རང་གི་བགོ་སྐལ་མ་ཤོར་བ་གནང་གལ་ཆེའོ།།
Comments
Post a Comment