གཏམ་རྒྱུད་གསེར་གྱི་ཐང་མ། སྟོད་ཆ།


Click on Cover to Preview Book Sample
978-81-90752-40-9
དེབ་གཟུགས། 6.25 X 9.5
ཀུན་ཕན་དེབ་ཕྲེང་། 14
དཔར་སྐྲུན་ལོ། [2023] JA(A)/2023/36
དཔར་གྲངས། 1000 (LF/V)
ཤོག་གྲངས། 562
Rs.420

༄༅། །གཏམ་རྒྱུད་གསེར་གྱི་ཐང་མ་ཞེས་པའི་བརྩམས་ཆོས་འདི་ནི། དྲན་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་དུས་རབས་ཉི་ཤུ་པའི་དཀྱིལ་དུ་འཕགས་བོད་གཙོ་བོར་གྱུར་པའི་ཨེ་ཤི་ཡའི་ཡུལ་གྲུ་འགར་རིག་པ་འཚོལ་བའི་རྒྱལ་ཁམས་པའི་འགྲུལ་བཞུད་མཛད་དེ་ང་ཚོ་བོད་མི་ཚོར་ཤེས་རིག་གི་སྐྱེས་དེ་སྔ་བྱུང་མ་མྱོང་བའི་ཕུལ་དུ་བྱུང་བ་ཞིག་གནང་བ་དེ་ཡིན། དེ་སྔོན་བོད་ཕྱི་ནང་གཉི་གར་དེབ་འདི་དག་དཔར་སྐྲུན་དང་ཡང་སྐྲུན་བྱས་ཏེ་དེང་སྐབས་ཚང་མས་མཇལ་དུ་ཡོད་པ་ཞིག་ཆགས་ཡོད། ད་ལམ་གྱི་དཔར་སྐྲུན་འདིར་དེ་སྔའི་དཔར་སྐྲུན་དུ་ལེགས་སྦྱར་གྱི་ཐ་སྙད་ཞུས་དག་ངེས་འདྲོངས་མ་བྱུང་བ་རྣམས་འདི་ནས་ཇི་ལྟར་ཞུ་སྐུལ་བྱས་པ་བཞིན་རིག་པའི་ཆུ་གཏེར་གྱི་དགེ་བཤེས་ལོ་ཙཱ་བ་བློ་བཟང་རྡོ་རྗེ་རབ་གླིང་ལགས་ནས་མ་དཔེ་དང་གཏུགས་ཏེ་ཞུས་དག་ལེགས་པར་བགྱིས་པས་མ་ཚད་དགེ་ཆོས་ཀྱི་ལུང་འདྲེན་གནང་བ་ཚང་མར་བཀའ་བསྟན་བཅོས་སོགས་ཀྱི་རྒྱབ་རྟེན་བཀོད་དེ་དཔར་སྐྲུན་གསར་པ་ཀུན་ལ་ཤིན་ཏུ་རྔོ་ཐོགས་པ་ཞིག་བྱུང་འདུག

Comments

Comments

Post a Comment