Click on Cover to Preview Book Sample
978-93-83441-13-6
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 12
དཔར་སྐྲུན་ལོ། 2023, 2014 [JA(A)/2023/35]
དཔར་གྲངས། 500 [LF/V]
ཤོག་གྲངས། 204
Rs.300
༄༅། །དཔེ་དེབ་འདི་ནི་རྩོམ་པ་པོ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་བརྩམས་གནང་བའི་བརྩམས་སྒྲུང་འབྲིང་གྲས་ཁག་བཞི་ཙམ་འདེམས་སྒྲུག་བྱས་ཏེ་གྲུབ་པ་ཞིག་ཡིན་ཞིང་། དེ་ཡང་རྩོམ་པ་པོས་དངོས་ཡོད་ལ་གཞི་བཅོལ་ཏེ་རྟོག་བཟོ་བྱས་པའི་མི་དང་མིའི་བར་གྱི་འཚོ་བ་དངོས་རྣམས་མཚོན་པར་བྱས་ཡོད་པ་མ་ཟད། མི་སྣ་དང་ཡུལ་ལུང་གི་བཀོད་པ་དག་ཀྱང་གློག་བརྙན་ལ་བལྟས་པ་ཇི་བཞིན་བློ་ངོར་འབབ་བདེ་ཞིང་། གཏམ་རྒྱུད་ཀྱི་བྱུང་རིམ་ཚགས་དམ་ལ་མི་སྣའི་བཞེངས་བསྐྲུན་ཁ་གསལ་སོགས་ཁྱད་འཕགས་རང་བཞིན་གྱི་རྩོམ་རྩལ་སྤྱད་འདུག་སྟབས། ངེད་ཅག་གིས་བརྩམས་སྒྲུང་དེ་དག་ལས་དོན་ཕན་ལྡན་པའི་རྒྱུ་མཚན་མང་དག་ཅིག་མཐོང་བར་བརྟེན་འདེམས་སྒྲུག་གིས་དཔར་སྐྲུན་འགྲེམས་སྤེལ་ཞུས། འདིར་བཀོད་བརྩམས་སྒྲུང་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ཁག་ནི་སྐུ་ཞབས་ལྷག་པ་ཕུན་ཚོགས་ལགས་ཀྱིས་དེབ་འདིའི་སྔོན་འགྲོའི་གཏམ་དུ་གསལ་བར་བྲིས་འདུག་པས་དེར་གཟིགས་པར་འཚལ།།
Comments
Post a Comment