མངའ་རིས་སྲིབ་སྐྱིད་ལུང་པའི་གནའ་བོའི་བྱུང་རབས་དང་རིག་གཞུང་།


Click on Cover to Preview Book Sample
978-81-964468-0-2
དེབ་གཟུགས། 5.5 X 8.5
སྣ་ཚོགས་དེབ་ཕྲེང་། 24
དཔར་སྐྲུན་ལོ། 2023 [JA(A)/2023/32]
དཔར་གྲངས། 1000 [AF/V]
ཤོག་གྲངས། 322
Rs.390

༄༅། །དེབ་འདི་ནི་ཤཱཀྱའི་དགེ་སློང་ཀརྨ་མཁས་གྲུབ་བམ་བློ་བཟང་ཡོན་ཏན་ལགས་ཀྱིས་ཕྱི་ལོ་ ༡༩༨༩ ཙམ་ནས་འགོ་བཙུགས་ཏེ་ལོ་མང་རིང་ཕྱོགས་སྒྲིག་དང་རྩོམ་སྒྲིག་བགྱིས་པའི་བརྩམས་ཆོས་ཤིག་ཡིན། དེབ་འདིའི་ནང་དོན་གཙོ་བོ་ཁག་གཤམ་གསལ་ལྟར་ཡིན།

  • བྱུང་རབས་དང་ལོ་རྒྱུས། སྟོད་མངའ་རིས་རོང་ཆུང་གི་ཡ་གྱལ་སྲིབ་སྐྱིད་གྲོང་ཚོ་གཙོས་པའི་ཁྱིམ་མཚེས་གྲོང་ཚོ་ཁག་ (དཔེར་ན། མ་གཡང་དང་། གཏི་གཡག །ར་ཉིད་/ར་ཉི། སྐྱུག་པ། སྲིབ་སྐྱིད། རོང་ཆུང་ཕུ་རི་དགོན་པ་སོགས) ཀྱི་གནའ་རབས་བྱུང་རབས་དང་ལོ་རྒྱུས་དངོས་འབྲེལ་ཁུངས་བཙན་རྒན་པོའི་ངག་སྒྲོས་དང་ཞལ་རྒྱུན་ལས་བྱུང་བ་རྣམས་ཡི་གེར་ཕབ་ཡོད།
  • རིག་གཞུང་དང་གླུ་གར། ཡུལ་ལུང་དེ་དག་གི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་། བག་མ་བསུ་ལེན་གྱི་སྒྱུ་རྩལ། དམངས་ཁྲོད་ཀྱི་ཞབས་བྲོ་དང་གར། ཤོན་ (ཡང་ན་ལྷ་ཤོན་) སོགས་ཀྱི་འཁྲབ་སྟོན་སྒྱུ་རྩལ་གྱི་སྐོར་དང་། དེ་དག་གི་བྱུང་ཁུངས་དང་ཁྱད་ཆོས་སྐོར་བཀོད་ཡོད།
  • གནའ་སྲོལ་ངག་རྒྱུན་དང་གཞས་ཚིག སྲིད་པ་གནའ་རབས་ཀྱི་ཐོ་ཡིག་གཞུང་དང་བརྡུལ་དཀྲུག་གཞུང་ཚང་མ། བསང་དང་གསེར་སྐྱེམས་འབུལ་བ། གཉའ་གླུ་དང་ཐོད་གླུ། མདའ་དར་དཔང་བསྟོད། བསུ་གླུ། གཡང་འགུགས་ཀྱི་གླུ། བུ་མོ་སྤྲོད་གླུ། ཨོམ་གསང་ (སྙེ་མ་བརྡུང་དུས་ཀྱི་གཞས) གནའ་སྲོལ་ངག་རྒྱུན་དུ་ཡོད་པའི་མགུར་གླུ་དང་ཞིང་གླུ་ཁ་ཤས་བཅས་ཀྱི་གཞས་ཚིག་དང་བཤད་པ་རྣམས་འཁོད་ཡོད།
  • སྒྲུང་གཏམ། གུ་གེ་ཁུལ་དུ་ཡོངས་སུ་གྲགས་ཤིང་མི་སེར་ཚང་མའི་ཁ་རྒྱུན་དུ་འཇགས་པའི་ "ཧྲིབ་སྐྱིད་བུ་མོ་སྤུན་གསུམ་གྱི་སྒྲུང་གཏམ" ལོ་རྒྱུས་ཀྱང་ཟུར་བཀོད་བྱས་ཡོད།
  • ལོ་རྒྱུས་ཁ་སྐོང་། ལོ་རྒྱུས་དཔྱད་ཞིབ་པ་ངག་དབང་ཆོས་དར་ལགས་ཀྱིས་བརྩམས་པའི་ "རྩ་ཧྲེང་རྫོང་སྡོད་བྱེད་རིང་གི་གནས་ཚུལ་སྐོར" དང་། ངག་དབང་ལྷུན་གྲུབ་ལགས་ཀྱིས་བརྩམས་པའི་ "མངའ་རིས་ཤོན་གྱི་ཁྱད་ཆོས་དང་རིག་གནས་རིན་ཐང་སྐོར" ཆོས་ངག་དབང་ལགས་ཀྱིས་བརྩམས་པའི་ "རྩ་ཧྲེང་རྫོང་ཁུལ་གྱི་དགོན་པ་དང་གྲོང་སྡེའི་སྐོར" བཅས་ལོ་རྒྱུས་ཁ་སྐོང་གི་ཚུལ་དུ་ཆ་ཚང་བཀོད་ཡོད།

དེབ་འདི་ནི་བོད་མིའི་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་འོང་བའི་སླད་དུ་དང་། བྱེ་བྲག་རང་རིགས་ན་གཞོན་རྣམས་རང་གི་ལུང་པའི་རིག་གཞུང་དང་ལོ་རྒྱུས་སོགས་ལ་དོ་སྣང་དང་ཐུགས་སྣང་ཆེ་ཆེར་གནང་རྒྱུའི་རེ་བ་དང་བཅས་དཔར་སྐྲུན་ཞུས་པ་ཞིག་ཡིན།

Comments

Comments

Post a Comment