དགེ་བཤེས་བྱང་ཆུབ་ཚུལ་ཁྲིམས་ཀྱི་མཛད་རྣམ་སྔོན་བྱུང་དད་པའི་གསོས་སུ་དྲན་པ།


Click on Cover to Preview Book Sample
978-81-964468-1-9
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 38
དཔར་སྐྲུན་ལོ། 2023 [JA(A)/2023/32]
དཔར་གྲངས། 500 [LF/V]
ཤོག་གྲངས། 212
Rs.420

དགེ་བཤེས་བྱང་ཆུབ་ཚུལ་ཁྲིམས་མཆོག་ནི་ལྷོ་ཁ་གྲོང་དཀར་རྫོང་ལྕེ་བདེ་ཞོལ་ས་ཁོངས་རྨོ་ཞོལ་ཟེར་བའི་ཁྱིམ་ཚང་ཆེ་ཁག་ཅིག་ཏུ། ཕྱི་ལོ་ ༡༩༣༨ ལོར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཐུགས་སེམས་བཟང་ལ། ཕ་མར་བསྙེན་བཀུར་ཞུ་རྒྱུ་སོགས་དམ་པའི་ཐུགས་གཤིས་རང་ཆས་སུ་མངའ། རིམ་པས་ཆོས་སྒོར་ཞུགས་ཏེ་གདན་ས་ཆེན་མོ་འབྲས་སྤུངས་དང་། སྦག་ས། ཝཱར་ཎ་སོགས་སུ་གུས་རྟག་གི་བརྩོན་པ་ལྷུར་བླངས་ཏེ་གཞུང་ཆེན་ལ་སྦྱང་བ་མཐར་སོན། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མི་མངའ་ཞིང་། ལྷག་པར་མདོ་སྔགས་ཀྱི་ཟབ་གནད་དང་ཉམས་བཞེས་ལ་ཐུགས་གཞོལ་བའི་དམ་པ་མང་པོའི་གཙུག་རྒྱན་དུ་གྱུར། རིགས་ལམ་སློབ་གཉེར་ཁང་སོགས་སུ་ཕྱག་དཔེ་ཁྲིད་ནས་སློབ་མ་མང་པོ་བསྐྱངས། ཕྱི་ལོ་ ༢༠༠༦ ལོར་གཞན་དོན་དུ་སྐུ་གཤེགས།

Comments

Comments

Post a Comment