Click on Cover to Preview Book Sample
དེབ་གཟུགས། A5
དཔར་སྐྲུན་ལོ། 2023 [JA(A)/2023/29]
དཔར་གྲངས། 1000 [LF/S]
ཤོག་གྲངས། 33
བོད་ཀྱི་གལ་ཆེའི་བྱུང་རབས་ལོ་ཚིགས་རེའུ་མིག་འདི་ནི་བོད་ཀྱི་ལོ་རྒྱུས་ཆ་ཚང་ཤོས་དང་ལྟ་ཀློག་བདེ་ཤོས་ཡིན་པའི་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱི་བོད་ཀྱི་སྲིད་དོན་རྒྱལ་རབས་དང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གྱི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་གཉིས་དཔྱད་གཞི་ལྟེ་བར་བཟུང་། དེ་གཉིས་ཐོག་ཁ་སྐོང་དུ་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེའི་བོད་བཙན་པོའི་རྒྱལ་རབས་དང་། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཚུན་གྱི་བྱུང་བ་ཁག་ཐོག་དབྱིན་ཡིག་དང་བོད་ཡིག་གི་དེབ་རིགས་སྣ་ཚོགས་དཔྱད་གཞིར་བླངས་ཏེ་མང་ཚོགས་དཀྱུས་མ་དང་། གཞི་རིམ་སློབ་ཕྲུག །ད་དུང་བོད་ཀྱི་ལོ་རྒྱུས་སྤྱི་ཡོངས་ལ་རྒྱུས་ལོན་ཙམ་བྱེད་འདོད་ཡོད་པ་ཚོའི་ཆེད་དུ་དམིགས་ནས་ལྟ་བདེར་ཕྱོགས་སྒྲིག་བྱས་པ་ཞིག་ཡིན། འདིའི་ནང་གསལ་བ་ལས་ལྷག་པ་དང་རྒྱས་པ་ཤེས་འདོད་ན་ཀློག་པ་པོས་དེབ་འདིའི་དཔྱད་གཞི་ཁག་དང་། དེ་ལས་གཞན་པའི་ལོ་རྒྱུས་དེབ་རིགས་གཞན་ལ་ཞིབ་གཟིགས་གནང་རོགས། དེབ་ཆུང་འདི་ནི་འདོད་ཚུལ་དང་བཞེད་པ་ཐ་དད་འཛིན་པའི་ལོ་རྒྱུས་སྨྲ་བ་ཚོའི་དགག་སྒྲུབ་ཀྱི་རྩོད་པར་ཞུགས་པ་ཞིག་མིན་ལ། འདིའི་ནང་དེ་ཚོ་འཇོམས་ཐབས་ཀྱི་འབད་བརྩོན་དེ་བས་ཀྱང་བྱས་མེད།
Comments
Post a Comment