༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས་བྱིས་པའི་དགའ་ཚལ།


Click on Cover to Preview Book Sample
978-93-87023-30-7
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 23
དཔར་སྐྲུན་ལོ། 2023 [JA(A)/2023/28]
དཔར་གྲངས། 500 [LF#/V]
ཤོག་གྲངས། 132
Rs.210

རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།

༄༅། །མཛད་རྣམ་འདི་ནི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་མཛད་པ་གནད་ཆེ་བ་ཁག་རྒྱས་བསྡུས་འཚམ་པའི་ལེའུ་རེར་བགོས་ཏེ་ཁྱོན་ལེའུ་བཅུ་བཞིའི་བདག་ཉིད་དུ་བསྒྲིགས་འདུག་ཅིང་། ཀློག་པ་པོར་ངལ་གསོའི་འབབ་སྟེགས་བསྐྲུན་སླད་འོས་འཚམ་གྱི་ཡིག་འབེབས་དང་དབུགས་ལ་རན་པའི་གཅོད་མཚམས། བརྗོད་པ་ཁག་གི་རིང་ཐུང་དང་རྗོད་བྱེད་ཚིག་གི་དམ་ལྷོད་སོགས་ཧ་ཅང་ཁོད་སྙོམས་ཤིང་ཚགས་དམ་པར་མཛད་འདུག་པས་ན་ཀློག་པ་པོའི་བློ་ཡིད་ཚིམ་ངེས་སུ་མཆིས།

མ་ཟད་མཛད་རྣམ་འདི་དང་འབྲེལ་བའི་དུས་ཚིགས་ཁག་ཀྱང་ཡོངས་གྲགས་སྤྱི་ལོའི་ལོ་ཚིགས་གཙོར་འདོན་གྱིས་བསྒྲིགས་ཡོད་པ་ཙམ་ལས་གཞན། བོད་རྒྱལ་ལོ་དང་། རབ་བྱུང་། སྤོར་ཐང་ལུགས། སྟོད་འགྲེལ་ལུགས་སོགས་བར་འཇུག་བྱས་ཏེ་རྒྱས་སྤྲོས་གནང་མེད་སྟབས་སློབ་གཉེར་བ་གསར་པ་ཚོར་འཇུག་བདེ་བའི་དགོས་ཆོས་ལྷག་པོ་ཚང་འདུག་པས་དགྱེས་བཞིན་གཟིགས་པར་ཞུ།

Comments

Comments

Post a Comment