Click on Cover to Preview Book Sample
978-81-86470-91-6
དེབ་གཟུགས། 5.5 X 8.5
རྣམ་ཐར་དེབ་ཕྲེང་། 14
དཔར་སྐྲུན་ལོ། 2023 [JA(A)/2023/25]
དཔར་གྲངས། 500 [LF#/V]
ཤོག་གྲངས། 280
Rs.450
སྐྱེས་སར་ཀླུ་སྒྲུབ་ཀྱིས་བརྩམས།
༄༅། །ནཱལནྡཱ་ཞིབ་འཇུག་ཅེས་པའི་དེབ་འདི་ཕྲན་སྐྱེས་སར་ཀླུ་སྒྲུབ་ཀྱིས་བརྩམས་པ་ཞིག་ཡིན་ལ། བརྗོད་དོན་གཙོ་བོ་ནི་ནཱལནྡཱ་ཞེས་པའི་མཚན་དོན་ནས་མཐར་ཁ་ཆེའི་དམག་གིས་རྩ་གཏོར་བཏང་བའི་བར་གྱི་ལོ་རྒྱུས་དང་། འབྲེལ་ཡོད་གལ་ཆེའི་གནད་དོན་ཁག་ཁྱོན་ཡོངས་ནས་ཉམས་ཞིབ་བརྒྱུད་རྩོམ་འབྲི་བྱས་པ་ཞིག་ཡིན། དེབ་འདིའི་ནང་དཔལ་ནཱལནྡཱའི་བྱུང་རབས་དང་། ནཱལནྡཱའི་འཇིག་རྐྱེན། པཎ་གྲུབ་བཅུ་བཅུན་གྱི་བྱུང་རབས་བཅས་ས་བཅད་འདི་གསུམ་གཙོར་འདོན་གྱིས་བྲིས་སྟབས། ད་ཕན་བོད་ཀྱི་སྐད་ཡིག་ཐོག་ནཱལནྡཱའི་ལོ་རྒྱུས་ཐོག་ཆེད་དུ་ཞིབ་འཇུག་རྩོམ་འབྲི་བྱས་པ་ཐོག་མ་དང་ཞིབ་ཚགས་ཆེ་ཤོས་སུ་གྱུར་ཡོད།
དཔེ་དེབ་འདི་བརྒྱུད་ནས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་མན་ངག་གིས་རྩ་བའི་འབྱུང་ཁུངས། དཔལ་ནཱལནྡཱའི་བྱུང་འཕེལ་འཇིག་གསུམ་སྐོར་འཐུས་ཚང་ཞིག་རྟོགས་ཐུབ་པས་བོད་རིག་པ་སྤྱི་དང་། ལྷག་པར་ནང་བསྟན་མཚན་ཉིད་རིག་པའི་ལོ་རྒྱུས་ལ་ཞིབ་འཇུག་དང་དོན་གཉེར་ཅན་ཚོར་ཐུགས་ཕན་སོས་ངེས་ཤིག་ཡོད།
Comments
Post a Comment