སྤྲིན་དཀར་ལམ་རྙིང་། སྨད་ཆ།


Click on Cover to Preview Book Sample
978-93-83441-89-1
དེབ་གཟུགས། 5.5 X 8.5
རྣམ་ཐར་དེབ་ཕྲེང་། 13
དཔར་སྐྲུན་ལོ། 2023, 2019, 2018, 2016 [JA(A)/2023/24]
དཔར་གྲངས། 1000 [LF#/V]
ཤོག་གྲངས། 312
Rs.360

སྤྲིན་དཀར་ལམ་རྙིང་། (སྨད་ཆ།) དེབ་འདིའི་ནང་དོན་གཙོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་ཐར་པ་དང་། ཁོང་གི་མཛད་པ་དང་གསུང་ཆོས་སྐོར་ཡིན།

དེབ་འདིའི་ནང་གསེས་ལེའུ་ཁག་གི་ནང་དོན་སྙིང་བསྡུས་གཤམ་གསལ་ལྟར་ཡིན།
  • གསུང་ཆོས་དང་མདོ་སྡེ་ཁག: སངས་རྒྱས་བཅོམ་ལྡན་འདས་ཀྱིས་དབུགས་འབྱུང་རྔུབ་ཀྱི་སྒོ་ནས་ལུས་ཚོར་སེམས་ཆོས་བཞི་ལ་བརྟག་ཞིབ་བྱེད་པའི་ཐབས་ཚུལ་བཅུ་དྲུག་གི་ «དབུགས་དྲན་པ་ཉེར་བཞག་གི་མདོ་» གསུངས་པའི་སྐོར་ དང་། ལྟ་བ་ངན་པ་དྲུག་ཅུ་རྩ་གཉིས་ཀྱི་སྐྱོན་རྣམས་གསལ་སྟོན་གནང་བའི་ «མདོ་སྡེ་ཚངས་པའི་དྲྭ་བ་» དེ་བཞིན་མ་རིག་པའི་རྩིག་གྱང་བཤིག་པའི་ཆོས་ཚུལ་ «སེང་གེ་སྒྲ་སྒྲོག་གི་མདོ་» དང་ «ཆོས་ཀྱི་ཕྱག་རྒྱའི་མདོ་» (རྣམ་པར་ཐར་བའི་སྒོ་གསུམ་) བཅས་གསུངས་པའི་སྐོར་འཁོད་ཡོད།
  • ཆོས་ཀྱི་གོ་དོན་དང་ལག་ལེན: སངས་རྒྱས་ཀྱི་ཆོས་ནི་ཆུ་བོའི་ཕ་རོལ་ཏུ་སྐྱེལ་བྱེད་ཀྱི་གདུང་གྲུ་ལྟ་བུ་ཡིན་པས་ཆོས་ལ་ཆགས་ཞེན་སྤང་དགོས་པའི་སྐོར་ དང་། དགེ་སློང་རྣམས་ཀྱིས་དཀར་ཟས་ཁོ་ན་ལོངས་སུ་སྤྱོད་ཐུབ་པའི་སྐོར་ དེ་བཞིན་བྱང་ཆུབ་ཀྱི་ལམ་སྒྲུབ་པ་ལ་འབད་པ་དམ་ལྷོད་རན་པོ་དགོས་པའི་སྐོར་ (རྒྱུད་མངས་སྐུད་པ་དམ་ལྷོད་ཀྱི་སྒྱུ་རྩལ) བཅས་འཁོད་ཡོད།
  • བྱུང་བ་དང་རྟོགས་བརྗོད་ཁག: དགེ་སློང་གནོད་མེད་ (སོར་ཕྲེང་ཅན) ལ་མི་ཚོགས་ཀྱིས་རྡུང་རྡེག་བཏང་བར་བཟོད་བསྒོམ་མཛད་པའི་སྐོར་ དང་། གདོལ་བའི་བུ་མོ་གཟུགས་བཟང་མ་ཉན་ཐོས་ཀུན་དགའ་བོར་སེམས་ཤོར་ཡང་མཐར་སངས་རྒྱས་ཀྱི་དྲུང་ནས་རབ་ཏུ་བྱུང་བའི་སྐོར་ དེ་བཞིན་རྒྱལ་བུ་ཝི་ཤ་བཱནྟར་གྱི་གཏོང་ཕོད་ཆེ་བའི་རྟོགས་བརྗོད་ དང་ལྕམ་ས་གཱ་མའི་ཚ་བོ་གྲོངས་པའི་སེམས་སྡུག་སེལ་བའི་སྐོར་བཅས་འཁོད་ཡོད།
  • སྒྲུབ་པ་པོ་བགྲེས་པའི་མྱ་ངན་ལས་འདས་པའི་སྐོར: དགེ་སློང་ཝཀྐཱ་ལི་སྙུང་གཞི་ལྗིད་པོ་ཕོག་སྟེ་མཐར་ཕུང་པོ་ལྔ་མི་རྟག་པར་རྟོགས་ནས་དགོངས་པ་རྫོགས་པའི་སྐོར་ དང་། བཙུན་པ་ཤཱ་རིའི་བུ་རང་གི་མ་ཡུམ་གྱི་སར་ཕེབས་ཏེ་ནང་མི་དང་ཡུལ་མི་ཚོར་ཆོས་གསུངས་རྗེས་མྱ་ངན་ལས་འདས་པའི་སྐོར་ དེ་བཞིན་བཙུན་པ་མོའུ་འགལ་གྱི་བུ་ཕྱི་རོལ་པ་འགས་དམར་གསོད་བཏང་བའི་སྐོར་བཅས་འཁོད་ཡོད།
  • རྒྱལ་པོ་གསལ་རྒྱལ་དང་གཟུགས་ཅན་སྙིང་པོའི་སྐོར: རྒྱལ་པོ་གསལ་རྒྱལ་གྱིས་སྐྱེ་རྒ་ན་འཆིའི་རི་བོ་ཆེན་པོ་བཞིའི་སྐོར་གསན་པ་ དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་རང་གི་སྲས་མ་སྐྱེས་དགྲས་བཟང་བཙོན་དུ་བཅུག་སྟེ་ལྟོགས་གྲིར་དགོངས་པ་རྫོགས་པའི་སྐོར་ དེ་བཞིན་མ་སྐྱེས་དགྲས་རང་གི་བྱས་ཉེས་ལ་བཤགས་སྡོམ་ཞུས་ཏེ་བཅོམ་ལྡན་འདས་ཀྱི་སློབ་མར་གྱུར་པའི་སྐོར་འཁོད་ཡོད།
  • མཐའ་མའི་ཞལ་ཆེམས: སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟླ་བ་གསུམ་གྱི་ནང་ཚུད་དུ་དགོངས་པ་མྱ་ངན་ལས་འདའ་རྒྱུའི་ཐུགས་ཐག་བཅད་དེ་ དགེ་སློང་ཕ་མ་ཚོར་རང་ཉིད་ལམ་སྟོན་གྱི་སྒྲོན་མེ་ཞིག་ཏུ་བསྒྱུར་ནས་ཐར་པའི་གོ་འཕང་མངོན་དུ་བྱེད་པ་ལ་བརྩོན་འགྲུས་རྩོམས་ཤིག་ཅེས་པའི་ཆེས་ཐ་མའི་ཞལ་ཆེམས་གསུངས་ཏེ་རྩྭ་མཆོག་གྲོང་གི་ཤིང་སཱ་ལའི་ཚལ་དུ་སྐུ་མྱ་ངན་ལས་འདས་པའི་སྐོར་བཅས་འཁོད་ཡོད།

Comments

Comments

Post a Comment