Click on Cover to Preview Book Sample
978-93-83441-88-4
དེབ་གཟུགས། 5.5 X 8.5
རྣམ་ཐར་དེབ་ཕྲེང་། 12
དཔར་སྐྲུན་ལོ། 2023, 2019, 2018, 2016 [JA(A)/2023/23]
དཔར་གྲངས། 1000 [AF#/V]
ཤོག་གྲངས། 342
Rs.360
སྤྲིན་དཀར་ལམ་རྙིང་ (བར་ཆ།) འདི་ནི་གནས་བརྟན་ཐིག་ནཏ་ཧཱན་ (Thich Nhat Hanh) གྱིས་བརྩམས་ཤིང་ངེས་དོན་རྒྱ་མཚོས་བོད་སྐད་དུ་བསྒྱུར་བ་ཞིག་རེད། དེབ་འདིའི་ནང་དོན་གཙོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་པར་ཐར་པ་འམ་གོའུ་ཏམ་སངས་རྒྱས་ཀྱི་སྐུ་ཚེའི་ལོ་རྒྱུས་སྐོར་ཡིན།
དེབ་འདིའི་ནང་གི་ལེའུ་སོ་སོའི་ནང་དོན་སྙིང་བསྡུས་ནི་གཤམ་གསལ་ལྟར་རེད།
- འོད་མའི་ཚལ།: བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་བྱོན་ནས་ རྒྱལ་པོ་གཟུགས་ཅན་སྙིང་པོ་དང་མི་མང་སྟོང་ཕྲག་མང་པོར་བསླབ་པའི་གཞི་ལྔའི་སྐོར་གསུང་ཆོས་གནང་བ་ དང་། བྱིས་པ་ཚོར་སྐྱེས་རབས་ཀྱི་གཏམ་རྒྱུད་གསུངས་པ། རྒྱལ་པོས་འོད་མའི་ཚལ་གྱི་ནགས༌ཚལ༌དེ་དགེ་འདུན་གྱི་སྡེར་ཕུལ་བའི་སྐོར་ཡིན།
- དབྱར་གནས་དང་ཆོས་ཀྱི་ལམ་བུ།: འོད་མའི་ཚལ་དུ་དགོན་པ་བསྐྲུན་ཏེ་དགེ་འདུན་པ་རྣམས་དབྱར་གནས་ལ་བཞུགས་པའི་རྒྱུན་སྲོལ་དབུ་བརྩམས་པ་ དང་། བཅོམ་ལྡན་འདས་ཀྱི་ཡབ་གཞིས་གྲོང་ཁྱེར་སེར་སྐྱའི་གཞི་ནས་ འཆར་ཀ་དང་འདུན་པ་གཉིས་བཅར་ཏེ་ཡབ་རྒྱལ་པོས་གདན་འདྲེན་ཞུས་པ་ལྟར་ བཅོམ་ལྡན་འདས་ཕྱིར་ཕ་ཡུལ་དུ་བྱོན་ནས་ཡབ་རྒྱལ་པོ་ཟས་གཙང་མ་དང་། བཙུན་མོ་སྐྱེ་དགུའི་བདག་མོ། གྲགས་འཛིན་མ། སྲས་སྒྲ་གཅན་འཛིན་བཅས་དང་ལྷན་འཛོམས་བྱུང་བའི་སྐོར་ཡིན།
- དོན་དམ་གྱི་མཛེས་སྡུག་དང་ལྟ་བ།: དྲང་སྲོང་དཱི་གྷན་ཁ་དང་ལྷན་དུ་ལྟ་གྲུབ་དང་ཚོར་བའི་རང་བཞིན་སྐོར་ལ་བགྲོ་གླེང་གནང་བ་ དང་། མཛེས་མ་ཨ་མྲ་སྐྱོང་མ་བཅོམ་ལྡན་འདས་ལ་མཇལ་བར་བཅར་སྐབས་ དགེ་སློང་རྣམས་ལ་བྱམས་བརྩེ་དང་ཐར་པ་ནི་དོན་དམ་པའི་མཛེས་སྡུག་ངོ་མ་ཡིན་པའི་སྐོར་གསུངས་པ།
- བསོད་ནམས་ཀྱི་ཞིང་ས་དང་བུད་མེད་རབ་བྱུང༌།: ཚོང་དཔོན་མགོན་མེད་ཟས་སྦྱིན་ (རབ་སྦྱིན་) གྱིས་ས་གཞི་གསེར་གྱིས་གཡོགས་ཏེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཉོས་ནས་དགོན་པ་བསྐྲུན་པ། བཅོམ་ལྡན་འདས་ཀྱིས་རིགས་རུས་དབྱེ་འབྱེད་མེད་པར་གདོལ་བའི་རིགས་ཀྱི་སུ་ནཱི་ཏ་དང་ ལག་དམར་བ་སོར་ཕྲེང་ཅན་རབ་ཏུ་བྱེད་པར་གནང་བ། ལྷག་པར་དུ་སྲུ་སྐྱེ་དགུའི་བདག་མོས་གཙོས་པའི་བུད་མེད་རྣམས་ལ་ལྕི་བའི་ཆོས་བརྒྱད་ཀྱི་སྒོ་ནས་དགེ་སློང་མའི་སྡོམ་པ་གནང་སྟེ་ དགེ་འདུན་གྱི་འཁོར་རྣམ་བཞི་གྲུབ་པར་མཛད་པའི་སྐོར་བཅས་འཁོད་ཡོད།
Comments
Post a Comment