Click on Cover to Preview Book Sample
978-81-90752-91-1
དེབ་གཟུགས། 6.25 X 9.5
ལོ་རྒྱུས་དེབ་ཕྲེང་། 79
དཔར་སྐྲུན་ལོ། 2023 [JA(A)/2023/18]
དཔར་གྲངས། 500 [V]
ཤོག་གྲངས། 302
Rs.540
བོད་ཀྱི་ལོ་རྒྱུས་སྟེང་ཆེས་སྐད་གྲགས་ཆེ་བའི་བསྟན་བཅོས་《ཆོས་འབྱུང་མཁས་པའི་དགའ་སྟོན་》ནམ་《ལྷོ་བྲག་ཆོས་འབྱུང་》ཞེས་པ་འདི་ནི། གཙོ་བོ་རྒྱ་གར་དང་བོད་ཀྱི་སངས་རྒྱས་བསྟན་པའི་བྱུང་བ་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་བརྗོད་པའི་གསུང་རྩོམ་ཞིག་ཡིན། དེབ་འདིའི་ནང་དོན་གཙོ་བོ་ས་བཅད་ཡན་ལག་ལྔའི་སྒོ་ནས་ཕྱེ་ཡོད་པ་དེ་དག་ནི་གཤམ་གསལ་ལྟར་རོ།།
- ཡན་ལག་དང་པོ། འཇིག་རྟེན་གྱི་ཁམས་སྤྱིར་བསྟན་པ། འདིའི་ནང་འཇིག་རྟེན་གྱི་སྣོད་བཅུད་ཆགས་ཚུལ་སྐོར་བརྗོད་ཡོད།
- ཡན་ལག་གཉིས་པ། རྒྱ་གར་གྱི་སྐབས། འདིའི་ནང་སྟོན་པ་ཤཱཀྱ་ཐུབ་པའི་མཛད་པ་དང་། བཀའ་བསྡུ་བྱུང་ཚུལ། དཀོན་མཆོག་གསུམ་གྱི་རྟེན་བྱུང་ཚུལ་། རྒྱ་གར་གྱི་རྒྱལ་རབས་བཅས་ལེའུ་བཞིའི་སྒོ་ནས་རྒྱས་པར་བཤད་ཡོད།
- ཡན་ལག་གསུམ་པ། བོད་ཀྱི་སྐབས། འདི་ནི་དེབ་འདིའི་ཆེས་གལ་ཆེ་བའི་ནང་དོན་ཞིག་ཡིན་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱིས་བོད་བདག་གིར་མཛད་ཚུལ་དང་། བོད་ཀྱི་བཙན་པོའི་རྒྱལ་རབས་ (བསམ་ཡས་རྡོ་རིང་གི་ཡི་གེ་དང་བཀའ་བརྩིགས་ཁག་ལུང་དྲངས་ཡོད་པས་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན།)། འདུལ་བའི་ཆོས་འབྱུང་། ལོ་པཎ་གྱི་ལོ་རྒྱུས་། གསང་སྔགས་རྙིང་མ་། བཀའ་གདམས་པ་། བཀའ་བརྒྱུད་པ་སྤྱི་དང་ཀརྨ་ཀཾ་ཚང་། འབྲི་གུང་བཀའ་བརྒྱུད་སོགས་ཆོས་བརྒྱུད་ཁག་གི་བྱུང་བ་ལེའུ་བཅུའི་སྒོ་ནས་བསྟན་ཡོད།
- ཡན་ལག་བཞི་པ། རྒྱ་ནག་སོགས་སུ་ཆོས་བྱུང་ཚུལ། བོད་ཀྱི་ཉེ་འཁོར་རྒྱལ་ཁབ་དང་ཡུལ་གྲུ་ཁག་ཏུ་བསྟན་པ་ཇི་ལྟར་དར་བའི་སྐོར།
- ཡན་ལག་ལྔ་པ། སྤྱིར་རིག་གནས་ཇི་ལྟར་བྱུང་ཚུལ། རིག་གནས་སྤྱིའི་བྱུང་བ་བཅས་སོ།
མདོར་བསྡུས་ན་བསྟན་བཅོས་འདི་ནི་འཕགས་བོད་ཀྱི་ལོ་རྒྱུས་ཁུངས་བཙན་ཞིག་ཡིན་པར་མ་ཟད། ཁྱད་པར་དུ་བོད་ཀྱི་བཙན་པོའི་དུས་རབས་ཀྱི་རྡོ་རིང་དང་བཀའ་གཙིགས་དངོས་སུ་ཞིབ་འཇུག་བྱས་ཏེ་བྲིས་པའི་ལོ་རྒྱུས་ཀྱི་དཔྱད་གཞི་གསེར་ལྟ་བུ་ཞིག་ཡིན།
Comments
Post a Comment