Click on Cover to Preview Book Sample
978-93-80359-13-7
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 47
དཔར་སྐྲུན་ལོ། 2023 [JA(A)/2023/17]
དཔར་གྲངས། 300 [V]
ཤོག་གྲངས། 346
Rs.480
༄༅། །དེབ་འདི་ནི་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་སྐོར་ཡིན། འདིའི་ནང་དུ་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་གང་ཉིད་ཀྱི་ཐེག་པ་ཐུན་མོང་གི་རྣམ་པར་ཐར་པ་ཅུང་ཟད་རྒྱས་པ་བཀོད་ཡོད།
གཙོ་བོའི་ནང་དོན་ཁག་གཤམ་གསལ་ལྟར་ཡིན།
- མངོན་པར་འབྱུང་བའི་ཁུངས། མདོ་འདི་ནི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་མདོ་སྡེ་ལས་ཟུར་བཏོན་ཞུས་པ་ཞིག་ཡིན།
- ས་བཅད་དབྱེ་སྟངས། རྩ་བའི་མདོ་རང་ཉིད་ལ་ས་བཅད་ལོགས་སུ་མེད་ཀྱང་། ཀློག་པ་པོ་རྣམས་ལ་ཀློག་བདེའི་ཆེད་དུ་ས་བཅད་དྲུག་ཅུ་རེ་བཞིའི་ (༦༤) ནང་དུ་བསྒྲིགས་ནས་བཀོད་ཡོད།
- མཛད་པའི་སྐོར། དེབ་འདིའི་ནང་སྟོན་པ་མཆོག་དགའ་ལྡན་གྱི་གནས་ནས་འཛམ་བུ་གླིང་དུ་མ་ཕེབས་གོང་གི་གཟིགས་པ་ལྔ་ལ་གཟིགས་པ་དང་། ལྷུམས་སུ་ཞུགས་པ། སྐུ་བལྟམས་པ། རིག་གནས་སྒྱུ་རྩལ་ལ་བསླབ་པ། བཙུན་མོ་བཞེས་པ། རྒ་ན་འཆི་བའི་འཇིག་པ་གཟིགས་ནས་རབ་ཏུ་བྱུང་བ། བདུད་བཏུལ་ནས་མངོན་པར་རྫོགས་པར་སངས་རྒྱས་པ། བདེན་བཞིའི་ཆོས་འཁོར་བསྐོར་བ་སོགས་སྟོན་པའི་མཛད་པ་དང་རྣམ་ཐར་རྒྱས་པ་བཀོད་ཡོད།
Comments
Post a Comment