Click on Cover to Preview Book Sample
978-93-90752-94-2
དེབ་གཟུགས། 5.5 X 8.5
ལོ་རྒྱུས་དེབ་ཕྲེང་། 81
དཔར་སྐྲུན་ལོ། 2023 [JA(A)/2023/16]
དཔར་གྲངས། 500 [V]
ཤོག་གྲངས། 270
Rs.420
༄། དཔེ་དེབ་འདི་ནི་དུས་རབས་བཅུ་དགུ་པའི་དུས་འགོར་ཟུར་ཁང་སྐུ་ངོ་སྲི་གཅོད་ཚེ་བརྟན་ལགས་ཀྱིས་བྲིས་གནང་བའི་རང་རྣམ་ཞིག་སྟེ། ‘བཀའི་གུང་བློན་གྱི་འཁུར་འཛིན་པའི་རྟོགས་བརྗོད་བུང་བའི་མགྲིན་གླུ་’ཞེས་པ་དང་། ‘བཀའ་ཟུར་ཟུར་ཁང་པ་བློ་བཟང་ཆོས་འབྱོར་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་སྨད་ཆ་སློབ་བུ་རྣམས་ནས་ཕྱོགས་བསྡེབས་སུ་བགྱིས་པ་ཚངས་པའི་དྲང་ཐིག’ ‘རྗེ་བཙུན་འཇམ་དབྱངས་ལ་བསྟོད་པ་དད་པའི་གེ་སར་མངོན་པར་འཛུམ་པའི་པད་དཀར་ཆུན་འཕྱངས་’བཅས་དུམ་ཚན་གསུམ་ལས་གྲུབ་པ་ཞིག་ཡིན། རང་རྣམ་འདིའི་རིན་ཐང་ལ་མཚོན་ན། རྩོམ་པ་པོ་རང་ཉིད་རྟོགས་པ་ཀློང་དུ་རྡོལ་བ་ལྟ་བུས་ཆོས་ཀྱི་གནས་ལུགས་ཀྱིས་གཏམས་པའི་བཀའ་མཆིད་མང་པོ་བྲིས་ཡོད་པར་མ་ཟད། སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་མི་ཉུང་བ་ཞིག་མངོན་ཡོད་པ་སྟེ། དཔེར་ན་༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་དགོངས་པ་རྫོགས་པ་དང་། ༸རྒྱལ་དབང་དགུ་པ་ངོས་འཛིན་ཁྲི་འདོན་སོགས་ཀྱི་སྔ་རྗེས། དེ་བཞིན་སྲིད་སྐྱོང་དང་བཀའ་བློན་བསྐོ་གཞག་གི་གནས་ཚུལ་དང་བོད་སྡོད་ཨམ་བན་གྱི་འགྲོ་ལུགས་སྡོད་ཕྱོགས། རྟ་ཚག་རིན་པོ་ཆེ་དགོངས་པ་རྫོགས་པའི་སྐོར། ཁ་ཆེའི་བླ་མ་ཏ་ཁིན་དང་ལྷན་ཁ་ཆེའི་ལྷ་ཁང་ནས་སེམས་ཀྱི་ངོས་འཛིན་སྐོར་ལ་བགྲོ་གླེང་བྱས་པའི་ཡིད་འོང་གི་བྱུང་བ་སོགས་ཀྱིས་མཚོན་བསམ་རིན་ཡོད་པའི་གནས་ཚུལ་སྣ་མང་ཞིག་མཇལ་དུ་ཡོད་པས་ན་ལོ་རྒྱུས་ཞིབ་འཇུག་ལ་མཁོ་བའི་རྒྱུ་ཆ་ཐོབ་དཀའ་བ་ཞིག་ཅི་ལ་མིན།
Comments
Post a Comment