རྩོམ་རིག་གཅེས་བཏུས།


Click on Cover to Preview Book Sample
978-93-80359-01-4
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 02
དཔར་སྐྲུན་ལོ། 2023 [JA(A)/2023/15]
དཔར་གྲངས། 300 [V]
ཤོག་གྲངས། 184
Rs.360

༄། །སྐད་ཡིག་དེབ་ཕྲེང་གཉིས་པ་འདིའི་ནང་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའི་བཤེས་གཉེན་སྦ་བ་ལ་གདམས་པ་ཨའི་དབྱངས་ལ་ངེས་པ་ཞེས་པ་དང་། སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེས་སྔ་ཕྱིར་གསུངས་པའི་རྩོམ་རིག་གི་ལེགས་བཤད་དཔེར་ན་བོད་ཀྱི་སྐད་ཡིག་འཇིག་རྟེན་ཡོངས་ལ་གལ་གནད་ཆེ་སྐོར་ལ་སོགས་པ། སློབ་དཔོན་ཆེན་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ། ཨ་ལགས་དོར་ཞིས་བརྩམས་པའི་རྩོམ་རིག་གསར་པའི་གནད་དོན་འགའ་ཞིག་གླེང་བ། ཆབ་ཚང་འཇམ་དཔལ་ལགས་ཀྱིས་བརྩམས་པའི་ཉེ་རབས་བོད་ཀྱི་རྩོམ་རིག་ལས་འཕྲོས་པའི་ཆེད་གཏམ་རགས་བསྡུས་བཅས་བཀོད་ཡོད།

འདི་ནི་རྩོམ་རིག་གི་གཅེས་བཏུས་ཤིག་ཡིན་པར་བརྟེན་རང་རེའི་དགེ་རྒན་དང་སྤུན་ཉེ་མཛའ་གྲོགས་ཚུན་ཆད་ལ་ལེགས་སྐྱེས་ཀྱི་ཚུལ་དུ་མངགས་ཉོ་གནང་ནས་འབུལ་བསྐུར་ཐུབ་ན་མེ་ཏོག་ཆུང་ཡང་ལྷ་ཡི་རྫས་སུ་འགྱུར་བ་དང་ཆབས་ཅིག་ཁྱེད་ཀྱིས་རང་གི་རིག་གཞུང་ལ་ཡང་དོན་གྱིས་མཐུན་འགྱུར་བྱེད་པ་ཡིན། ཁྱེད་རྣམས་ཀྱིས་གཅེས་བཏུས་འདི་ཉིད་ཀློག་སྟེ་ཐུགས་མཉེས་པོ་དང་རང་གི་སྐད་ཡིག་གི་ཆུ་ཚད་གོང་མཐོར་འགྲོ་བར་སྨོན་ནོ།།

Comments

Comments

Post a Comment