ཉིན་མོའི་སྐར་མ།


Click on Cover to Preview Book Sample
978-93-90752-83-6
དེབ་གཟུགས། 5.5 X 8.5
ཀུན་ཕན་དེབ་ཕྲེང་། 11
དཔར་སྐྲུན་ལོ། 2023 [JA(A)/2023/11]
དཔར་གྲངས། 500 [V]
ཤོག་གྲངས། 202
Rs.300

༄༅། །དཔེ་དེབ་འདི་ཡི་གལ་ཆེ་ཚུལ་ངོ་མ་ནི་སློབ་ཁྲིད་ཐབས་ལམ་ཟེར་བ་དེ་སངས་རྒྱས་ཀྱི་གཞུང་དུ་གསལ་བ་བཞིན་གང་ལ་གང་འདུལ་གྱི་ཐབས་ལམ་བསྟེན་དགོས་པ་རྩལ་དུ་བཏོན་ནས་བཤད་ཡོད། གནའ་རབས་ཀྱི་ཐབས་ལམ་ཇི་ཙམ་བཟང་ནའང་གལ་ཏེ་རང་གི་སློབ་ཕྲུག་ལ་ཕན་ཐོགས་ཀྱི་མི་འདུག་ན་ཐབས་ལམ་གསར་པ་བསྟེན་དགོས་པ་གསུངས་ཡོད། ཡིན་ནའང་འདི་ནང་བཤད་པ་ཀུན་ཤ་གཟུག་ཟ་རྐྱང་གནང་མི་འོས་པ་ནི་གནས་ཚུལ་ཀུན་ལ་སྦྱར་ཆོག་ན་འདི་ལའང་ངེས་པར་སྐབས་བསྟུན་གནང་གལ་ཆེ།

དཔེ་དེབ་འདི་ཡི་བོད་འགྱུར་སྔ་མར་ཉིན་མོའི་རྨི་ལམ་ཞེས་བོད་འགྱུར་གནང་མོད། ད་ལམ་གྱི་བོད་འགྱུར་འདིར་ནམ་མཁའ་ལགས་དང་ང་ཚོས་གྲོས་བསྡུར་བགྱིས་ཏེ་ཉིན་མོའི་སྐར་མ་ཞེས་བསྒྱུར་བ་ནི་དེ་སྔོན་གྱི་བོད་འགྱུར་དང་མི་འཁྲུལ་བར་དམིགས་པ་ཡིན། ལར་ནས་ཉིན་མོའི་རྨི་ལམ་ནི་ Divasvapna ཡི་ཐད་འགྱུར་དང་ཉིན་མོའི་སྐར་མ་ནི་དོན་འགྱུར་ཡིན་ན་མི་འཐད་པ་མེད་པར་སྙམ། ཉིན་མོའི་སྐར་མ་ཞེས་པ་དཔེ་དེབ་འདི་ཡི་དོན་འགྱུར་ཡིན་པའི་རྒྱུ་མཚན་ནི་སློབ་ཁྲིད་ཐབས་ལམ་འདི་ན་གསལ་བ་རྣམས་མི་སྲིད་པ་ཞིག་མིན་ཀྱང་དཀོན་པའི་ཚད་དུ་ཡིན་པ་དོན་གྱིས་བསྟན་པ་བསམས་སོང་།།

Comments

Comments

Post a Comment