ཙཱ་ཎ་ཀྱའི་ལུགས།


Click on Cover to Preview Book Sample
978-93-90752-94-2
དེབ་གཟུགས། 5.5 X 8.5
ཀུན་ཕན་དེབ་ཕྲེང་། 12
དཔར་སྐྲུན་ལོ། 2023 [JA(A)/2023/16]
དཔར་གྲངས། 500 [V]
ཤོག་གྲངས། 270
Rs.420

ལོ་ཙཱ་བ། ཌོག་ཊར་ཟླ་བ་ཤར་པ།

༄༅། །ཙཱ་ཎ་ཀྱའི་ལུགས་ཞེས་པའི་བསྟན་བཅོས་འདི་ནི་ཕྱི་ལོ་མ་ཚུགས་གོང་གི་བརྒྱ་ཕྲག་གསུམ་པ་ཙམ་ལ་རྒྱ་གར་གྱི་མཁས་པ་ཙཱ་ཎ་ཀྱས་མཛད་པའི་ལུགས་ཀྱི་བསྟན་བཅོས་ཧ་ཅང་གི་གྲགས་ཆེ་བ་ཞིག་སྟེ་དེང་གི་ཆར་བསྟན་བཅོས་འདི་ལ་དབྱིན་འགྱུར་དང་། ནེ་པཱ་ལཱིའི་འགྱུར། ཧིན་དཱིའི་འགྱུར་སོགས་འགྱུར་ཡང་མང་དག་ཅིག་ཡོད་ཚོད། ཙཱ་ཎ་ཀྱའི་ལུགས་འདི་ལ་མཚན་བྱང་ཅུང་མི་འདྲ་ཞིང་རྒྱས་བསྡུས་ཀྱང་མི་མཚུངས་པའི་གཞུང་བདུན་བརྒྱད་ཅིག་ཡོད་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་བརྒྱ་པ་དང་ཤེས་རབ་སྡོང་བུ་སོགས་ལུགས་ཀྱི་བསྟན་བཅོས་མང་དག་ཅིག་བཞུགས་པའི་ཁྲོད་ནས་ཙཱ་ཎ་ཀྱའི་ལུགས་འདི་ནི་འཇིག་རྟེན་མི་ཆོས་ཀྱི་རྣམ་གཞག་སྟོན་པའི་ལེགས་བཤད་རྩོམ་རིག་རང་རྐང་བ་ཆེས་སྔ་ཤོས་ཤིག་དང་ལུགས་ཀྱི་བསྟན་བཅོས་གཞན་རྣམས་ཀྱི་ཕྱི་མོ་ལྟ་བུར་ཡང་གྱུར་ཡོད་ཅེས་སྒྱུར་བ་པོའི་སྔོན་གླེང་དུ་ཞིབ་རྒྱས་ཀྱིས་བཀོད་འདུག

མདོར་ན་རང་རེའི་བསྟན་འགྱུར་ཁྲོད་དུ་བཞུགས་པ་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའི་ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ཞེས་པ་དེ་ལ་ལེའུ་བརྒྱད་དང་ཤློ་ཀ་ཉིས་བརྒྱ་རེ་དྲུག་ཙམ་ལས་མེད་མོད་ཀྱང་། ད་ལན་གསར་དུ་བསྒྱུར་བའི་ཙཱ་ཎ་ཀྱའི་ལུགས་འདི་ལ་ལེའུ་བཅུ་བདུན་དང་ཤློ་ཀ་སུམ་བརྒྱ་ཞེ་གཅིག་བཞུགས་ཤིང་། འགྱུར་གྱི་ཚིག་འགྲོས་དང་ཐ་སྙད་བཀོལ་སྤྱོད་ཀྱི་ཆ་ནས་ཀྱང་སྔོན་གྱི་ལོ་ཙཱ་བ་དག་གི་རྣམ་ཐར་ཇི་བཞིན་བསྐྱངས་འདུག་པས་བསྟན་འགྱུར་ལ་ཁ་སྐོང་ཁྱད་འཕགས་ཤིག་ཏུ་གྱུར་འདུག་སྙམ།

Comments

Comments

Post a Comment