སྲི་ཞུའི་བྱུང་བ་ནག་འགྲོས་སུ་བཀོད་པ།


Click on Cover to Preview Book Sample
978-93-90752-59-1
དེབ་གཟུགས། 5.5 X 8.5
ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། 52
དཔར་སྐྲུན་ལོ། 2023 [JA(A)/2023/02]
དཔར་གྲངས། 500 [V]
ཤོག་གྲངས། 374
Rs.570

མཁར་ཕུ་རྐན་ཞོལ་སྐལ་བཟང་དབང་ཕྱུག

༈ ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༥༢ པ་འདིའི་ནང་མཁར་ཕུ་རྐན་གྲོང་ཞོལ་པ་སྐལ་བཟང་དབང་ཕྱུག་ལགས་ཀྱི་ཁྱིམ་ཚང་མི་ཁུངས་ངོ་སྤྲོད་དང། ཆུང་དུས་སློབ་གཉེར་གནང་སྟངས། སྒེར་ཟུར་ཁང་བའི་ཞབས་གྲས་སུ་བཅར་ནས་རླངས་འཁོར་གྱི་དོས་རྒྱབ་པ་སོགས་ཟུར་ཁང་གཟིམ་ཤག་གི་ཞབས་ཞུས་སྐོར། ཡུན་རིང་བྲལ་བའི་སྐྱེད་མ་དང་མཇལ་བ། རྒྱ་དམར་བོད་ནང་བཙན་འཛུལ། ལྷ་སའི་གྱེན་ལངས། ཟུར་ཁང་སྐུ་འཁོར་དང་ལྷན་དུ་བྲོས་བྱོལ། ཟུར་ཁང་དབང་ཆེན་དགེ་ལེགས་མཆོག་གི་ཞབས་ཞུར་བཞུགས་སྒར་མ་སུ་རི་དང་དྷ་སར་བཅར་སྐོར། སིམ་ལར་ལམ་བཟོའི་སྐད་སྒྱུར། ལྕགས་དཔར་སློབ་སྦྱོང་གནང་རྗེས་དཔར་ཁང་གི་ཞབས་ཞུ། ཧིན་བལ་ས་མཚམས་སུ་བོད་ཕྲུག་ལེན་བསྐྱོད། བོད་གཞུང་འདྲ་དཔར་ཁང་གི་འགོ་འཛིན་དང་གླ་འཁོར་གྱི་ཁ་ལོ་བའི་ཞབས་ཞུ། དྷ་ས་བདེ་སྲུང་ཡན་ལག་གི་འགན་འཛིན། འབུམ་ལ་བདེ་དོན། འབྲུག་བྱོལ་བོད་མིར་སྣེ་བསུ། ཀུལླཱུར་ས་གནས་བདེ་དོན་གསར་འཛུགས། དིལླཱིར་བདེ་དོན་དང་སྣེ་ལེན་གཅིག་ལྕོགས། ཤེས་རིག་ཟློས་གར་གྱི་འགོ་འཛིན། སིམ་ལར་བཟོ་བདེ་གཅིག་ལྕོགས། དབུས་སྣེ་ལེན་ཁང་གི་འགོ་འཛིན་ལས་རོགས། ཀ་རྡོར་བདེ་དོན་གཅིག་ལྕོགས་སོགས་གཞུང་གནས་ནས་ལས་བསྐོས་གང་གནང་ལ་ཤར་བསྐྱོད་ཞུས་ཏེ་སྲི་ཞུ་བསྒྲུབས་སྐོར། རྒས་ཡོལ་དུ་ཕེབས་རྗེས་སྤྱི་སྨན་ཞབས་ཞུ། བོད་ནང་གཉེན་འཕྲད་དུ་ཕེབས་པའི་ཟིན་ཐོ་བཅས་གསལ།

Comments

Comments

Post a Comment