རཱ་མ་ཎའི་གཏམ་རྒྱུད་ཀྱི་འགྲེལ་པ་དྲི་མེད་ཤེལ་གྱི་འབབ་སྟེགས།


Click on Cover to Preview Book Sample
978-93-90752-46-1
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 45
དཔར་སྐྲུན་ལོ། 2023 [JA(A)/2023/01]
དཔར་གྲངས། 500 [V]
ཤོག་གྲངས། 208
Rs.300

ཞང་ཞུང་བ་ཆོས་དབང་གྲགས་པས་བརྩམས། ངག་དབང་བསྟན་པའི་རྒྱ་མཚོས་འགྲེལ་བཤད་བྱས།

རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ཀྱི་འགྲེལ་པ་དྲི་མེད་ཤེལ་གྱི་འབབ་སྟེགས་ཞེས་པ་འདི་ཞལ་ཤུལ་སྐུ་ཕྲེང་གཉིས་པ་ངག་དབང་བསྟན་པའི་རྒྱ་མཚོས་སྔ་མོའི་དཔར་མ་དང་བྲིས་མ་རྣམས་ཀྱི་ཚིག་དོན་ལ་དོགས་སློང་གི་ལམ་ནས་དག་བཅོས་གནང་སྟེ། གོ་ཇེ་བདེ་དང་ནང་དོན་ཇེ་གསལ་དུ་བཏང་བའི་འགྲེལ་པ་ཞིག་ཡིན། དེ་ཡང་རྒྱ་གར་དམངས་ཁྲོད་ཀྱི་གཏམ་རྒྱུད་ཅིག་སྟེ་རྒྱལ་པོ་ལངྐཱ་མགྲིན་བཅུས་སཱི་ཏཱའི་སྙན་པ་ཐོས་ཏེ་འཕྲོག་པར་འདོད་ནས་འཕྲུལ་སྣ་ཚོགས་ཀྱིས་སཱི་ཏཱ་སྲིན་ཡུལ་དུ་འཁྱེར། རཱ་མ་ཎ་གཅེན་གཅུང་གཉིས་ཀྱིས་གང་སར་སཱི་ཏཱ་བཙལ་བར་སྤྲེའུ་མགྲིན་བཟང་ལ་ཐུག་སྟེ་གྲོགས་བསྒྲིགས། མགྲིན་བཟང་གིས་ཧ་ནུ་མན་ཐ་ལ་སཱི་ཏཱ་འཚོལ་བའི་གྲོགས་བྱེད་དགོས་པ་མངགས། ཧ་ནུ་མན་ཐས་སྒྱུ་ཐབས་སྣ་ཚོགས་སྤྱད་དེ་སྲིན་རྒྱལ་བཅོམ། སྲིན་རྒྱལ་གྱི་སྤུན་ཀུམྦྷ་ཀ་ར་ཎས་རླུང་ཐབས་ཀྱིས་རཱ་མ་ཎ་དང་ཧ་ནུ་མན་ཐ་གཉིས་མ་གཏོགས་ཀེང་རུས་སུ་བསྒྱུར་ཏེ་བསད། རཱ་མ་ཎའི་བཀའ་ལྟར་ཧ་ནུ་མན་ཐས་རི་བོ་གངས་ཅན་ནས་སྨན་བླངས་ཏེ་སྨན་བཅོས་ཀྱིས་ཀེང་རུས་ཐམས་ཅད་སླར་སོས་པ་ལ་སོགས་པ་སྙན་ངག་གི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་ཡིན། འདི་དང་དེང་སང་རྒྱ་གར་བ་ལ་ཡོངས་སུ་གྲགས་པའི་རཱ་མའི་གཏམ་རྒྱུད་གཉིས་ཁོག་འདྲ་ཡང་མི་མཐུན་པ་གང་འཚམ་ཡོད་ཚོད་འདུགᨎ

Comments

Comments

Post a Comment