Click on Cover to Preview Book Sample
978-93-90752-12-6
དེབ་གཟུགས། 5.5 X 8.5
ལོ་རྒྱུས་དེབ་ཕྲེང་། 59
དཔར་སྐྲུན་ལོ། 2022 [JA(A)/2022/49]
དཔར་གྲངས། 500 [V]
ཤོག་གྲངས། 610
Rs.990
ཤ་བོ་རྟ་མགྲིན་གྱིས་བརྩམས།
དཔེ་དེབ་འདིའི་ནང་མགོ་ལོག་འཇིགས་མེད་ལགས་ཀྱིས་རང་ཉིད་རྒྱ་དམར་བཙན་འོག་ཏུ་ཡོད་སྐབས་ཀྱི་མི་ཚེའི་བྱུང་བ་གསལ་བར་བརྗོད་ཡོད་པ་སྟེ། ཐོག་མར་བོད་ཀྱི་བྱུང་རབས་ངོ་སྤྲོད་དང་། དེ་ནས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཛད་འཕྲིན། རང་ཉིད་ཆུང་ངུའི་དུས་ནས་རྒྱ་དམར་པོའི་བཙན་འཛུལ་གྱི་དབང་གིས་དཀའ་སྡུག་བསམ་ཡུལ་ལས་འདས་པ་ཇི་འཕྲད་སོགས་ཀྱི་སྐོར་དང་། རིམ་གྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རྒྱ་དམར་དབང་འཛིན་ལ་ངོ་རྒོལ་གྱི་ལས་འགུལ་ཟམ་མ་ཆད་པར་སྤེལ་ཏེ་བཙོན་ཁང་དུ་དམྱལ་བ་མི་ཡུལ་ཟེར་བའི་སྐད་ཆ་དེ་དག་དངོས་སུ་རང་གི་ལུས་སེམས་ཀྱིས་མྱངས་པའི་སྐོར། མཐར་རྒྱ་དམར་གྱིས་ཁོང་ལ་བསྙོན་འཛུགས་བསམ་ཡུལ་ལས་འདས་པ་བྱས་ཏེ། ད་ནི་སྲོག་ཁྲིམས་མ་གཏོགས་ཉེས་པ་གཞན་ཅི་ཡང་གཏོང་རྒྱུ་མིན་པའི་ཐུགས་དོགས་བྱུང་བ་ན། དཀའ་སྤྱད་ལ་ཅི་མི་སྙམ་པར་ལྕགས་སྒྲོག་གཏོར་ཏེ་བྲོས་ཐར་གྱིས་རྫ་བྲག་ནགས་གསུམ་གྱི་མི་མེད་ལུང་སྟོང་དག་ཏུ་ཟས་མ་རག་པར་མུ་གེའི་གནས་སུ་གྱར་དགོས་བྱུང་རྗེས། བསམ་ཡུལ་ལས་འདས་པའི་མཐུན་རྐྱེན་ཞིག་གི་སྒོ་ནས་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ཐུབ་པ་བྱུང་། དུས་དེ་ནས་བཟུང་སུད་སི་རྒྱལ་ཁབ་ཀྱིས་གཙོས་འཛམ་གླིང་ཡུལ་གྲུ་གང་སར་བདེན་རྒྱབ་ལས་འགུལ་སྤེལ་ཏེ་བོད་ཀྱི་དངོས་བྱུང་གནས་སྟངས་གང་ཐུབ་ཀྱིས་ཁྱབ་བསྒྲགས་གནང་བཞིན་པ་སོགས་ཀྱི་སྐོར་འཁོད་ཡོད།
Comments
Post a Comment