Click on Cover to Preview Book Sample
978-93-90752-31-7
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 43
དཔར་སྐྲུན་ལོ། 2022 [JA(A)/2022/46]
དཔར་གྲངས། 300 [V]
ཤོག་གྲངས། 302
Rs.480
དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས།
༄༅། །རྗེ་རིན་པོ་ཆེས་མཛད་པའི་ལྷ་མོ་དབྱངས་ཅན་མའི་བསྟོད་རྩོམ་གྲགས་ཅན་<<ཆུ་འཛིན་དཀར་པོ་མ་>>ལ་མཚོན་ན་ལྷ་མོ་འདིར་བསྟོད་ཅིང་མོས་པ་ཀུན་གྱིས་ཞལ་འདོན་གནང་བཞིན་པར་མ་ཟད། ངག་གི་དངོས་གྲུབ་འདོད་པ་ཚོས་གཞས་ཚིག་ཏུ་བྱས་ཏེ་སྙན་འགྱུར་ལྡན་པའི་དབྱངས་རྟར་འགུགས་པ་སོགས་ཆེས་ཤིན་ཏུ་ནས་གྲགས་ཁྱབ་ཆེ་བ་ཞིག་ཡིན་ནའང་། ད་བར་དུ་བསྟོད་རྩོམ་འདིའི་འགྲེལ་པ་ཞིག་མཐོང་ཤིན་ཏུ་དཀོན་པ་ལྟ་བུའི་སྟོང་ཆ་ཞིག་ལྷག་འདུག་པའི་སྐབས་འདིར། དགེ་བཤེས་ལགས་ཀྱིས་གོང་ཞུས་བསྟོད་རྩོམ་གྲགས་ཅན་འདི་དང་། རྗེ་ཉིད་ཀྱིས་མཛད་པའི་<<མར་གད་ཞུ་བ་མ་>>གཉིས་དཀྱུས་གཅིག་ཏུ་སྦྲགས་ཏེ་ཞིབ་འགྲེལ་གནང་འདུག་ཅིང་། དྲང་སྲོང་ཕུར་བུས་མཛད་པའི་དབྱངས་ཅན་མའི་བསྟོད་པ་དང་། ནག་མོ་ཁོལ་གྱིས་མཛད་པའི་དབྱངས་ཅན་མའི་བསྟོད་པ་གཉིས་ཀྱིས་མཚོན། བཀའ་བསྟན་ཁག་ཏུ་བཞུགས་པའི་ལྷ་མོ་འདི་དང་འབྲེལ་བའི་ཡིག་ཆ་ཁག་དང་རྗེ་རིན་པོ་ཆེའི་རྣམ་ཐར་ཁག་ཞིབ་བསྡུར་གྱིས་ཚིག་དོན་གང་ཐད་ནས་ཟབ་བརླིང་དུ་གསར་འགྲེལ་གནང་འདུག །ད་དུང་རྗེ་རིན་པོ་ཆེ་ཇི་ལྟར་སྙན་དངགས་པ་ཞིག་ཡིན་སྐོར་ལུང་རིགས་དུ་མས་བསྒྲུབས་ཏེ། རྗེ་ཉིད་ཀྱིས་མཛད་པའི་སྒྲ་རྒྱན་དང་། ཆོས་སྐྱོང་ལ་སོགས་པའི་དབྱངས་ཀྱི་ཁྱད་ཆོས། གབ་ཚིག་གམ་བརྡ་ཚིག་གིས་བཅིངས་པ་དང་། རྗེ་རིན་པོ་ཆེའི་གསུང་གི་ཁྱད་ཆོས་གཞན་གླེང་བ་སོགས། མདོར་ན་རྗེ་རིན་པོ་ཆེའི་སྙན་དངགས་ཀྱི་ཁྱད་ཆོས་ཕྱོགས་ཡོངས་ནས་དུས་རབས་དང་འཚམ་པའི་དཔྱད་ཐབས་ཀྱིས་གླེང་སློང་མཛད་འདུག་པར་བཀའ་དྲིན་ཆེའོ་ཞུ།།
Comments
Post a Comment