Click on Cover to Preview Book Sample
དེབ་གཟུགས། 6.25 X 9.5
ཀུན་ཕན་དེབ་ཕྲེང་། 07
དཔར་སྐྲུན་ལོ། 2022 [JA(A)/2022/44]
དཔར་གྲངས། 500 [V]
ཤོག་གྲངས། 490
Rs.840
སྒོ་ཤེས་རབ་རྒྱ་མཚོས་བརྩམས།
༄༅། །སྒོ་ཤེས་རབ་རྒྱ་མཚོའི་གསུང་རྩོམ་གཅེས་བཏུས་ཀྱི་པོད་གཉིས་པ་འདི་ལ་དུས་རབས་ཉེར་གཅིག་པའི་ནང་པ་ཞེས་འབོད་ཅིང་། འདི་ནི་གང་གི་གསུང་རྟོགས་བརྗོད་མདུན་ལེགས་མའི་དཔེ་ཁྲིད་དང་། གཏམ་རྒྱུད་གསེར་ཐང་གི་འཆད་ཁྲིད་རྣམ་གཉིས་ལས་གྲུབ་པ་ཡིན། རྟོགས་བརྗོད་མདུན་ལེགས་མ་ནི་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པས་རང་གི་ཐོས་བསམ་སྒོམ་གསུམ་ཇི་ལྟར་བསྐྱངས་པ་དང་ལེགས་གྲུབ་བྱུང་བའི་རྣམ་ཐར་ཞིག་ཡིན་ཅིང་། འདི་ཉིད་སྒོ་ཤེར་ལགས་ནས་འགྲེལ་བརྗོད་གནང་བ་དེ་བཀླགས་སྐབས་དེ་སྔ་སྐུའི་གསུང་སྒྱུར་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ནས་དབྱིན་ཡིག་ནང་རྗེ་རིན་པོ་ཆེའི་རྣམ་ཐར་བརྩམས་པ་དེ་ལྷང་ལྷང་དྲན་སྣང་ཤར། ནུབ་ཕྱོགས་ཀྱི་ཡུལ་དུ་བཞུགས་པའི་མཁས་དབང་ཁོང་དང་། བོད་དུ་བཞུགས་པའི་མཁས་པ་སྒོ་ཤེར་རྣམ་གཉིས་ནས་རྗེ་རིན་པོ་ཆེའི་རྣམ་ཐར་ང་ཚོར་སློབ་ཁྲིད་སྐྱོང་སྐབས་རྣམ་ཐར་གྱི་གཙོ་བོ་ནི་བླ་མའི་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་དེ་རང་ཡིན་པ་གསལ་བཤད་གནང་བ་མ་གཏོགས་བྱ་བ་ལས་ཀྱི་འཁོར་ལོ་གཙོ་བོ་མིན་པ་རང་རེར་ཤེས་སུ་བཅུག །དེས་ན་འཆད་ཁྲིད་འདི་ཉིད་རྨད་དུ་བྱུང་བའི་སློབ་གསོའི་ཡན་ལག་ཅིག་ཏུའང་གྱུར་འདུག
Comments
Post a Comment