རྟོགས་བརྗོད་ནི་ཅི་ཞིག་ཡིན་ནམ།

Click on Cover to Preview Book Sample
978-93-90752-20-1
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 41
དཔར་སྐྲུན་ལོ། 2022 [JA(A)/2022/39]
དཔར་གྲངས། 500 [V]
ཤོག་གྲངས། 224
Rs.300


འབྲོག་རུ་བློ་བཟང་ཆོས་དར།

དཔེ་དེབ་འདི་ནི་བོད་ཀྱི་“རྟོགས་བརྗོད” རྩོམ་རིག་གི་འཕེལ་རིམ་དང་ཐ་སྙད་བྱུང་རིམ། བསྟན་དོན་དང་ངོ་བོའི་དབྱེ་བ། ཁྱད་ཆོས། བོད་ཀྱི་ནང་བསྟན་རྩོམ་རིག་ཁྲོད་ཀྱི་གོ་བབ་དང་གལ་གནད། རྟོགས་བརྗོད་རྩོམ་རིག་དང་རྟོགས་བརྗོད་སྙན་ངག་གི་ཁྱད་པར། རྒྱ་གར་གྱི་གནའ་དཔེ་ལེགས་སྦྱར་རྩོམ་རིག་དང་ནང་བསྟན་ལེགས་སྦྱར་རྩོམ་རིག་བཅས་ཀྱི་ཐད་ནས་གསལ་སྟོན་བྱས་ཡོད་པ་མ་ཟད། 

    དཔྱད་རྩོམ་འདིའི་ནང་སྤྱི་ལོ་དུས་རབས་བརྒྱད་པ་ནས་བཟུང་རྒྱ་གར་ནས་བསྒྱུར་བའི་རྟོགས་བརྗོད་ཉི་ཤུ་ཙམ་དང་། བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་རྟོགས་བརྗོད་ཉིས་བརྒྱ་ཙམ་བཅས་རྟོགས་བརྗོད་རྩོམ་ཡིག་ཉིས་བརྒྱ་ལྷག་གི་མཚན་བྱང་ཐོ་འགོད་བྱས་ཡོད་པ་མ་ཟད། མཛད་པ་པོའི་འཁྲུངས་འདས་ལོ་ཚིགས་དང་སྦྱར་ཏེ་སྔ་ཕྱིའི་གོ་རིམ་སྒྲིག་ཡོད། འདི་དག་ཐམས་ཅད་བཀའ་བསྟན་གཉིས་དང་མཁས་པའི་གསུང་འབུམ་ཁག་དང་དཀར་ཆག་ཁག་ནས་བཏུས་ཏེ་དབྱེ་ཞིབ་བྱས་ནས་བཀོད་ཡོད།  དཔྱད་གཞི་དང་དཔེ་འཇོག་ཕལ་ཆེ་བ་བཀའ་བསྟན་ལས་དྲངས་ཡོད། ཁུངས་གཏུག་ས་གཙོ་བོའང་རྒྱ་གཞུང་རང་ཡིན། དཔྱད་རྩོམ་འདི་བོད་རྒྱ་དབྱིན་གསུམ་གྱི་དཔྱད་གཞིའི་རྒྱུ་ཆ་བརྒྱ་ལྷག་ལ་ལྟ་ཀློག་དང་སྔོག་འདོན་བྱས་ཏེ་གྲུབ་ཡོད་ལ་ལུང་ཁུངས་ཞབས་མཆན་བརྒྱ་དང་བཅུ་བཞི་ལྷག་གིས་ཟུར་རྒྱན་བྱས་ཡོད། 

    ཆེད་རྩོམ་འདིར་ནང་བསྟན་གཞུང་ལུགས་མཐའ་དཔྱོད་རིག་པ་དང་བསྟན་བཅོས་ཀྱི་རྩིས་འགོ་ཡན་ལག་ལྔ། གཞུང་དོན་ས་བཅད་ལེན་སྟངས་དང་བོད་ཀྱི་དཀར་ཆག་རིག་པ་བཅས་བོད་ཀྱི་སྲོལ་རྒྱུན་དཔྱད་ཐབས་གཙོ་བོར་བཟུང་སྟེ། དེང་རབས་ཉམས་ཞིབ་ཐབས་ལམ་ Research Methodology ཟུང་འབྲེལ་སྒོས་ཐུན་མོང་མ་ཡིན་པའི་ནུས་པ་སྔོག་འདོན་དང་ཁྱད་ཆོས་གསལ་འདོན་བྱེད་པར་དམིགས་ནས་བརྗོད་གཞི་རྒྱ་ཆུང་ས་ནས་ཞིབ་འཇུག་གི་རིམ་པ་གཏིང་ཟབ་སར་འཇུག་ཐབས་ལ་འབད་བརྩོན་བྱས་ཡོད་པར་བརྟེན། མ་འོངས་པར་ནང་བསྟན་རྩོམ་ལ་ཞིབ་འཇུག་བྱ་བར་ཕན་པའི་རྒྱུ་རུ་འགྱུར་བར་སྨོན།།

Comments

Comments

Post a Comment