ཀུན་ཁྱབ་སེམས་འཁུར་དང་འཛམ་གླིང་ཞི་བདེ།

Click on Cover to Preview Book Sample
978-93-80359-04-5
དེབ་གཟུགས། 5.5 X 8.5
ཀུན་ཕན་དེབ་ཕྲེང་། 09
དཔར་སྐྲུན་ལོ། 2022 [JA(A)/2022/37]
དཔར་གྲངས། 500 [V]
ཤོག་གྲངས། 116
Rs.210


དགེ་བཤེས་བསྟན་པ་བཀྲ་ཤིས།

༄༅། །ཀུན་ཁྱབ་སེམས་འཁུར་དང་འཛམ་གླིང་ཞི་བདེ་ཞེས་པའི་དཔེ་དེབ་འདི་ནི་འཇིག་རྟེན་གྱི་མིག་གཅིག་པུ། ལུས་ཅན་བདེ་སྐྱིད་ཀྱི་ལམ་པོ་ཆེར་འཁྲིད་པའི་དེད་དཔོན་ཆེན་པོ་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཐུགས་ཀྱི་བཅུད་ལས་བྱུང་བའི་རིན་པོ་ཆེའི་གཏམ་སྟེ་དང་པོ། ཆོས་ཁས་ལེན་དང་མི་ལེན་ཇི་ལྟར་ཡང་འགྲོ་བ་མི་ལ་ལྷན་སྐྱེས་སུ་ཡོད་པའི་བྱམས་དང་སྙིང་རྗེའི་མྱུ་གུ་སྔོན་མོ་ལ་ཡ་རབས་བཟང་སྤྱོད་ཀྱི་ཆུ་ལུད་ཀྱིས་གསོས་བཏབ་སྟེ་གཡུར་དུ་ཟ་བའི་འབྲས་བུ་སྐྱེད་སྤེལ་དང་། ཇི་ལྟར་ལོངས་སུ་སྤྱོད་སྟངས། གཉིས་པ་ས་སྒང་འདིར་གནས་པའི་འགྲོ་བ་མིའི་སེམས་ཁོངས་ནས་རེ་ལྟོས་འཆའ་བའི་ཆོས་ལུགས་ཡོད་དོ་ཅོག་གིས་རང་རང་གི་བསླབ་བྱ་ལས་ཁམས་དང་མོས་པ་མི་འདྲ་བའི་འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་ཐབས་དང་། ཆོས་ལུགས་ཁག་ནུས་ཤུགས་ཆིག་སྒྲིལ་གྱིས་ཕན་ཚུན་འཆམ་མཐུན་ཡོང་ཐབས། གསུམ་པ་གང་ཉིད་ཀྱིས་གངས་ཅན་གྱི་ཆོས་རིག་དང་སྣོད་བཅུད་སོགས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་ཕྱོགས་སོགས་རླབས་ཆེན་གྱི་དགོངས་གཞི་བརྗོད་བྱའི་གཙོ་བོའོ། །རྗེ་གུང་ཐང་བའི་ཞལ་སྔ་ལས། ཆེས་སྙིགས་མ་ལྔ་བདོའི་དུས་ངན་དང་། །ལས་སྡིག་ལ་སྤྱོད་པའི་ཡུལ་མཐའ་འདིར། །ལྷ་སྙིང་རྗེའི་གཏེར་ཆེན་ཁྱོད་མིན་པ། །ང་ཉམ་ཐག་གི་མགོན་སྐྱབས་སུ་ལ་ཞུ། །ཞེས་པའོ།།

Comments

Comments

Post a Comment