བྱང་སེམས་དྲི་མེད་གྲགས་པའི་རྟོགས་བརྗོད།

Click on Cover to Preview Book Sample
978-93-90752-30-0
དེབ་གཟུགས། 5.5 X 8.5
རྣམ་ཐར་དེབ་ཕྲེང་། 35
དཔར་སྐྲུན་ལོ། 2022 [JA(A)/2022/36]
དཔར་གྲངས། 300 [V]
ཤོག་གྲངས། 202
Rs.390


མཛད་པ་པོ། རིགས་གྲྭ་བློ་བཟང་འཇིགས་མེད་རིག་པའི་རལ་གྲི།

ཞུ་སྒྲིག་པ། གཅན་བཟོད་རྒྱམ།

༄༅། །རྟོགས་བརྗོད་འདི་ནི་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཡི་བརྗོད་དོན་རྣམས་སྙན་ངག་གི་ལམ་ནས་བྲིས་པའི་བསྟན་བཅོས་ཁྱད་དུ་འཕགས་པ་ཞིག་སྟེ། འདིའི་བརྗོད་དོན་གཙོ་བོ་ནི། སྐྱ་བོའི་རྟེན་ལ་གནས་པའི་དགེ་བསྙེན་དྲི་མེད་གྲགས་པས་ཐེངས་ཤིག་སྙུན་ཚུལ་མཛད་དེ་མལ་ཆེན་པོ་ཞིག་བཅས་ནས་བཞུགས་ཙ་ན། བཅོམ་ལྡན་འདས་ཀྱིས་འཕགས་པ་ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ། ཉན་ཐོས་ཀུན་དགའ་བོ་སོགས་ཉན་ཐོས་ལྔ་བརྒྱ་སྙུན་འདྲིར་མངགས་པར། དེ་སྔོན་ནས་དགེ་བསྙེན་ཁོང་གི་བཀའ་མོལ་རེ་རེས་ཉན་ཐོས་རྣམས་ཟིལ་གྱིས་མནན་ཡོད་པའི་བྱུང་བ་ཁག་ཞིབ་པར་བརྗོད་རྗེས། བཅོམ་ལྡན་འདས་ཀྱི་བཀའ་ལྟར་རྗེ་བཙུན་འཇམ་དཔལ་དབྱངས་སྙུན་འདྲིར་བྱོན་པ་ན། དགེ་བསྙེན་ཆེན་པོས་རྫུ་འཕྲུལ་རྣམ་པ་སྣ་ཚོགས་པ་བསྟན་ཅིང་ཐེག་པ་ཆེན་པོའི་ཆོས་ཀྱི་རོས་ཡང་དག་པར་དགའ་བར་མཛད་པ་སོགས་བྱང་ཆུབ་སེམས་དཔའི་ཐབས་དང་ཤེས་རབ་ཀྱི་ཁྱད་ཆོས་རྩལ་དུ་བཏོན་ནས་བརྗོད་ཡོད་པ་ཞིག་རེད། མདོར་ན་གཞུང་འདིའི་སྙན་ངག་གི་ཉམས་ཕུན་སུམ་ཚོགས་པས་སྙན་པ་ལ་ཚོད་མེད་པ་ཞིག་ཡིན་པར་མ་ཟད་དམིགས་བསལ་མི་སྐྱ་ཕོ་མོ་ཚོར་བློ་སྟོབས་སྤེལ་བའི་རྣམ་ཐར་ཧ་ཅང་མང་བས་དམ་འཛིན་གནང་བར་ཞུ། 

Comments

Comments

Post a Comment