སྙན་ངག་གི་མཛེས་ལྗོངས།

Click on Cover to Preview Book Sample
978-93-90752-19-5
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 42
དཔར་སྐྲུན་ལོ། 2022 [JA(A)/2022/34]
དཔར་གྲངས། 500 [V]
ཤོག་གྲངས། 216
Rs.300


 སེར་ཤུལ་རབ་གསལ་གྱིས་བརྩམས། 

༄། །སྙན་རྩོམ་གྱི་དཔེ་དེབ་འདི་ལས་ནི། རྩོམ་པ་པོས་སྡེབ་ལེགས་པའི་འགྱུར་ཁུགས་སྙན་ཞིང་འཇེབས་པ་ཞིག་འཁྱུག་སྐྱེན་པའི་ལྕགས་སྨྱུག་ཕྲ་མོ་ཞིག་གི་སོ་ཁར་དྲངས་ཏེ། མ་བཅོས་སེམས་ཀྱི་རི་མོ་རྣམས་དེང་གི་དངོས་ཡོད་འཚོ་བའི་རྒྱུ་འགྲུལ་ལ་བསྟིམས་ནས་བྲིས་ཡོད་པ་གསལ་པོར་མཐོང་ཐུབ་ལ། ཤ་གསེང་རུས་གསེང་གི་ཚོར་ཤུགས་བཙན་པོའི་འཁུན་བུ་དེའང་གཟུགས་མེད་སེམས་འགྱུའི་བཟི་དབྱངས་ལ་བསྲེས་ནས། བྱས་ཉེས་ཀྱི་སྐྱོ་གར་དེ་ཚོར་ཆོས་ཉིད་རིགས་པས་ཐེར་འདོན་བྱས་པའང་མཐོང་ཐུབ། ལྷག་ཏུ་ཞོ་ལྟར་ཆགས་ཤིང་མཚོ་བཞིན་བརླིང་བའི་རྒྱུན་གོམས་ཀྱི་གནོན་ཤུགས་སྐྱུར་མོ་དེས་ཟད་མཐའ་བྲལ་ཞིང་འོད་སྟོང་འབར་བའི་རྡོག་སྣེ་ཡི་ཞིང་ཁམས་དེ་ཇི་ལྟར་བསྒྲིབས་ཀྱང་། ལྡོག་ཏུ་མེད་པའི་རང་ཚུགས་ཀྱི་རུས་རྐང་སྲ་མོ་དེ་ཉིད་ཡོ་བ་མེད་པའི་རྡོ་རིང་གི་སྤུན་དུ་བརྩེངས་ཏེ། རང་མི་རིགས་ཀྱི་མ་འོངས་པའི་སོན་རྩ་དག་ལ་ཤ་ཚ་གྲོས་འདེབས་ཀྱི་ཚུལ་དུ་རང་ཉིད་ཀྱི་ཚོར་བ་དམར་མོ་དག་ཚིགས་བཅད་ཀྱི་འགྲོས་མི་འདྲ་བ་དང་འགྱུར་ཁུགས་ཀྱི་དབྱངས་སྣ་ཚོགས་པར་བསྡེབས་ཏེ་བྲིས་པའི་སྙན་རྩོམ་འབའ་ཞིག་ཏུ་མཐོང་ཐུབ་པས་པདྨའི་མཚོ་ལ་ངང་པའི་ཁྱུ་བཞིན་འཇུག་པར་འཚལ།  

Comments

Comments

Post a Comment