བསམ་གཞིག་དང་ལྟ་ཚུལ།

Click on Cover to Preview Book Sample
978-93-90752-06-5
དེབ་གཟུགས། 7 X 9
སྐད་ཡིག་དེབ་ཕྲེང་། 40
དཔར་སྐྲུན་ལོ། 2022 [JA(A)/2022/29]
དཔར་གྲངས། 300 [V]
ཤོག་གྲངས། 178
Rs.360


རྔ་བ་ཀུན་བཟང་སྒྲོལ་མའི་དཔྱད་རྩོམ་ཕྱོགས་སྒྲིག

༄། །དཔེ་དེབ་འདི་ནི་རྔ་བ་ཀུན་བཟང་སྒྲོལ་མས་རྒྱལ་ཡོངས་རྩོམ་ཡིག་འགྲན་སྡུར་གྱིས་གཙོས་རྩོམ་ཡིག་འགྲན་སྡུར་རིམ་པར་བྱ་དགའ་ཐོབ་པའི་དཔྱད་རྩོམ་ཁག་གཅིག་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་ཡིན་ཞིང་། དཔྱད་རྩོམ་དེ་རྣམས་མང་ཉུང་འཚམ་ལ་བརྗོད་པ་གཙང་བའི་ཁར་ཚིག་སྔ་ཕྱིར་བསྐྱར་ལྡབ་མེད་པས་འབྲེལ་ཆགས་པ། འབྲི་ཐབས་དེའང་གཞིས་བཞུགས་བོད་ཀྱི་མཁས་དབང་ཚོའི་དཔྱད་རྩོམ་འབྲི་ཐབས་ཀྱི་ལམ་བུར་སྙེག་གང་ཐུབ་ཀྱིས། ཐ་ན་ཐོག་མར་ནང་དོན་གནད་བསྡུས་དང་། དེ་ནས་ཁྱད་ཚིག།།དངོས་གཞིའི་རྩོམ་ལུས། མཇུག་ཏུ་གྲུབ་དོན་བཀོད་པ་སོགས་དཔྱད་རྩོམ་ཞིག་ལ་ཚང་དགོས་པའི་གྲུབ་ཆ་ངེས་ཅན་བརྒྱུད་འདུག་པར་མ་ཟད། རང་ཉིད་ཀྱིས་གང་ཞིག་བརྗོད་པར་འདོད་པའི་ལྟ་ཚུལ་དེ་དག་སྤོབས་པ་ཆེན་པོ་དང་ཚིག་རྩལ་རྣོན་པོས་རྡོག་འགྲིལ་དུ་བརྗོད་འདུག །ཚིག་སྦྱོར་ལ་མཚོན་ནའང་སྒེག་ཉམས་ཀྱིས་ཅུང་ཙམ་སྤྲས་པའི་མཛེས་རྩལ་སྤྱད་ཡོད་སྟབས་རྣ་བར་སྙན་ལ་ཀློག་སྤྲོ་བ་སོགས་ཡིད་འགུག་གི་ནུས་པ་ཆེས་ཆེར་ལྡན་པས། རང་རེའི་གཞོན་སྐྱེས་ཚོར་རིག་གཞུང་དཔྱད་རྩོམ་འབྲི་བའི་མིག་དཔེ་ཁྱད་འཕགས་ཤིག་ཏུ་གྲུབ་འདུག་སྙམ།  

Comments

Comments

Post a Comment