དཔལ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས།


Click on Cover to Preview Book Sample
978-93-90752-32-4
དེབ་གཟུགས། 5.5 X 8.5
ཀུན་ཕན་དེབ་ཕྲེང་། 06
དཔར་སྐྲུན་ལོ། 2022 [JA(A)/2022/26]
དཔར་གྲངས། 300 [V]
ཤོག་གྲངས། 398
Rs. 760


 སྒོ་ཤེས་རབ་རྒྱ་མཚོས་བརྩམས།

༄༅། །སྒོ་ཤེས་རབ་རྒྱ་མཚོའི་གསུང་རྩོམ་གཅེས་བཏུས་ཀྱི་པོད་དང་པོ་འདི་ལ་དཔལ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས་ཞེས་འབོད་ཅིང་། འདི་ནི་གང་གི་གསུང་དཔལ་ནཱ་ལནྡཱའི་རིག་གནས་སྙིང་སྟོབས་དང་། ཚད་མ་རྣམ་འགྲེལ་གྱི་མཚན་ཉིད་བསམ་བློའི་རྒྱུན་ཤེས། དབུ་མ་ལ་འཇུག་པ་བསྐྱར་དུ་བཀླགས་པ། བསམ་གཞིག་པའི་སེམས་སྒྲ་བཅས་ལས་གྲུབ་པ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོས་བོད་བརྒྱུད་ནང་བསྟན་གྱི་ཆེ་བ་བརྗོད་སྐབས་ཡང་ནས་བསྐྱར་དུ་དཔལ་ནཱ་ལནྡཱའི་ཆེ་བ་བརྗོད་པའི་ཐོག་ནས་འཛམ་གླིང་གི་ཤེས་ཡོན་ཅན་རྣམས་ལ་ངོ་སྤྲོད་མཐིལ་ཕྱིན་པ་གནང་གི་ཡོད། ཡིན་ནའང་ང་ཚོ་མང་ཆེ་བས་བཀའ་སློབ་འདི་ཡང་ནས་བསྐྱར་དུ་ལུང་འདྲེན་བགྱིས་པ་ཙམ་ལས་དངོས་འབྲེལ་གང་གི་དགོངས་པ་ཅི་ཞིག་ཡིན་པ་མནོ་བསམ་གཏོང་ཤེས་མཁན་མང་པོ་མིན། སྒོ་ཤེས་རབ་རྒྱ་མཚོ་ནི་གཞིས་སུ་བཞུགས་ཡོད་ཀྱང་གང་གི་གསུང་འདི་སོགས་ལ་རིགས་པས་མཐིལ་ཕྱིན་པ་བརྡར་ཤ་བཅད་དེ་ང་ཚོ་གཞིས་བྱེས་སྤུན་ཟླ་ཡོངས་ལ་བརྩམས་ཆོས་ཀྱི་ལམ་ནས་དཔལ་ནཱ་ལནྡཱའི་ཉིང་བཅུད་ངོ་མ་གང་ཞིག་ཡིན་པ་དེ་གཙོ་བོ་རིགས་པའི་ལམ་ནས་འདི་ན་བཀྲལ་ཡོད།

Comments

Comments

Post a Comment