Click on Cover to Preview Book Sample
978-93-80359-14-4
དེབ་གཟུགས། 5.5 X 8.5
རྣམ་ཐར་དེབ་ཕྲེང་། 04
དཔར་སྐྲུན་ལོ། 2022 [JA(A)/2022/50]
དཔར་གྲངས། 300 [V]
ཤོག་གྲངས། 236
Rs.480
978-93-80359-14-4
དེབ་གཟུགས། 5.5 X 8.5
རྣམ་ཐར་དེབ་ཕྲེང་། 04
དཔར་སྐྲུན་ལོ། 2022 [JA(A)/2022/50]
དཔར་གྲངས། 300 [V]
ཤོག་གྲངས། 236
Rs.480
མཛད་པ་པོ། བླ་མ་མི་འཇིགས་པ་སྦྱིན་པའི་དཔལ།
ལོ་ཙཱ་བ། མི་ཉག་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ།
༄༅། །རྣམ་ཐར་དེབ་ཕྲེང་བཞི་པ་འདི་ནི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ཞིག་ཡིན་ཞིང་། འདི་ནི་གསང་སྔགས་ཀྱི་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཤ་སྟག་ཡིན་པར་བརྟེན། གང་དག་གསང་སྔགས་ལ་དད་པ་དང་ཡིད་ཆེས་རྩ་བ་ནས་མེད་པ་རྣམས་ཀྱིས་རེ་ཞིག་མ་བཀླགས་ན་བཟང་ཞེས་ཞུ་བར་ཐལ། འོན་ཀྱང་སྐལ་ལྡན་ལས་འཕྲོ་ཅན་རྣམས་ཀྱིས་འདི་ཉིད་ཐེངས་གཅིག་ཙམ་མཇལ་ནའང་གསང་སྔགས་ཀྱི་ནུས་ཁྱད་ལ་གཞན་དང་མི་འདྲ་བའི་ཡིད་ཆེས་དང་། དབང་བསྐུར་གྱི་གལ་ཆེ་ཚུལ། ཁྱད་པར་རྩ་བའི་བླ་མ་ཇི་ཙམ་གལ་ཆེན་པོ་ཡིན་པ་རྟོགས་པར་འགྱུར་བ་མ་ཟད། ཀུན་བཟང་བླ་མའི་ཞལ་ལུང་ནས་གསུངས་པའི་བླ་མ་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་དེ་ཡང་རང་ལ་སྐྱེ་བར་འགྱུར་བའི་རེ་བ་བྱེད་ཆོག །རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་སེམས་ཉིད་ངལ་གསོར། གང་གིས་བསྐྱེད་རིམ་བསྐལ་པར་བསྒོམས་པས་ཀྱང་། །བླ་མ་སྐད་ཅིག་དྲན་པ་མཆོག་ཏུ་གསུང་། །ཞེས་པའི་དོན་ངོ་མ་རྣམ་ཐར་འདི་དག་ན་མཇལ་དུ་ཡོད། དེས་ན་གསང་སྔགས་ལ་དད་པ་དང་ལྡན་པ་རྣམས་ཀྱིས་ངེས་པར་དུ་ལྗགས་ཀློག་གནང་སྟེ་རང་ཉིད་སྐལ་བ་དང་ལྡན་པར་འགྱུར་བར་སྨོན་ནོ། །
Comments
Post a Comment