Click on Cover to Preview Book Sample
978-81-86470-97-8
དེབ་གཟུགས། 5.5 X 8.5
རྣམ་ཐར་དེབ་ཕྲེང་། 01
དཔར་སྐྲུན་ལོ། 2022 [JA(A)/2022/23]
དཔར་གྲངས། 500 [V]
ཤོག་གྲངས། 286
Rs.450
གནས་བརྟན་སཱི་རི་དྷམ་མས་བརྩམས།
ངེས་དོན་རྒྱ་མཚོས་བསྒྱུར།
༄༅། །སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང་ཞེས་བྱ་བ་འདི་ནི་པ་ལི་ཁུངས་སུ་བྱས་པའི་སྟོན་པའི་རྣམ་ཐར་དབྱིན་ཡིག་ཏུ་བརྩམས་པ་ལས་བོད་འགྱུར་བྱས་པ་ཞིག་ཡིན། བོད་འགྱུར་བྱེད་གཞིའི་སངས་རྒྱས་ཀྱི་མཛད་རྣམ་འདི་ཉིད་ཧ་ཅང་གོ་བདེ་ཞིང་རྟོགས་སླ་བ། དབང་པོ་རབ་འབྲིང་ཐ་གསུམ་སུ་ཞིག་གིས་མཇལ་ཡང་སྤྱིར་བཏང་གི་འགྲོ་བ་མིའི་བྱུང་རབས་ཤིག་དང་འདྲ་བར་མཛད་རྣམ་འདིའི་བརྗོད་དོན་བློ་ལ་ལྷང་ངེར་འཇགས་ཐུབ་པ་ཞིག་ཡིན་པས། ནང་ཆོས་དང་བོད་ཡིག་གི་རྨང་གཞི་ཅུང་དམན་པ་ཞིག་ཡིན་ནའང་དཀའ་ངལ་མེད་པར་ཤེས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། མ་ཟད་མཛད་རྣམ་འདིའི་ནང་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པ་ཧ་ཅང་མང་བས། བཅོམ་ལྡན་འདས་ཀྱི་སྐུ་ཚེ་གང་པོའི་མཛད་རྣམ་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་ཤེས་པར་འདོད་པ་རྣམས་ལ་ཕྱག་དཔེ་འདི་ཉིད་ཕན་ཐོགས་ཆེན་པོ་ཡོང་བའི་ཡིད་ཆེས་ཡོད་པས་ཁྱེད་རྣམས་ཀྱིས་ཀློག་གནང་ཞུ།
Comments
Post a Comment