Click on Cover to Preview Book Sample
978-93-90752-62-1
དེབ་གཟུགས། 6.25 X 9.5
ལོ་རྒྱུས་དེབ་ཕྲེང་། 71
དཔར་སྐྲུན་ལོ། 2022 [JA(A)/2022/18]
དཔར་གྲངས། 850 [V]
ཤོག་གྲངས། 420
Rs.870
གཙང་ཕྲུག་སྟོབས་ལགས།
མང་ཡུལ་སྐྱིད་གྲོང་ནི་བོད་ཀྱི་ལོ་རྒྱུས་ཐོག་འཕགས་བོད་ལོ་པཎ་རྣམས་ཕར་ཕེབས་ཚུར་བྱོན་གནང་སའི་བཞུད་ལམ་གཙོ་བོར་སོང་། ཁོང་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་གཞི་ཇི་སྙེད་ཅིག་མཇལ་རྒྱུ་ཡོད་ལ། ལྷག་པར་རང་བྱོན་འཕགས་པ་ཝ་ཏི་བཟང་པོ་དང་། བྱམས་སྤྲིན་སྤྲུལ་པའི་ལྷ་ཁང་། རྗེ་བཙུན་མི་ལའི་རྫོང་ཆེན། གུང་ཐང་རྒྱལ་རབས་ཀྱི་མཁར་ཤུལ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཞབས་ཀྱིས་མུ་སྟེགས་འཕྲོག་བྱེད་དགའ་བོ་ཕམ་པར་མཛད་པའི་གནས་སོགས་གྲགས་ཅན་གནས་མཁར་ཇི་སྙེད་ཅིག་མཇལ་རྒྱུ་ཡོད་པ་མ་ཟད། ཀརྨ་པ་སྐུ་ཕྲེང་བཞི་པ་རང་བྱུང་རྡོ་རྗེ་དང་། བྲག་དཀར་ཆོས་ཀྱི་དབང་ཕྱུག གྲྭ་འཇམ་དཔལ་གླིང་པ་བློ་གྲོས་ཆོས་འཕེལ། སེར་བྱེས་མཁན་ཟུར་ལྷུན་གྲུབ་ཐབས་མཁས་སོགས་སྐྱེས་ཆེན་མང་པོའི་འཁྲུངས་ཡུལ་ཡང་ཡིན།
རྒྱལ་བ་རྣམས་ནི་འཇིག་རྟེན་བྱོན་པ་དང་། །དེ་ཡིས་གསུངས་པའི་ལུང་ཆེན་རྣམས་ལ་ཡང་། །
ཕྱི་རོལ་རྒོལ་བ་ངན་པ་འབྱུང་ངེས་པས། །དང་པོ་རྒྱུད་པ་ཁུངས་ཀྱི་ལོ་རྒྱུས་གཅེས། །
ཞེས་བྱུང་བ་བཞིན་ལོ་རྒྱུས་ཀྱི་འགྱུར་བ་དང་གོད་ཆགས་སྣ་ཚོགས་དབང་གིས་སྤྱིར་བོད་མི་ཡོངས་དང་ཡང་སྒོས་མང་ཡུལ་བ་ཚོར་མཚོན་ན། ཁུལ་འདིར་རང་བྱོན་འཕགས་པ་ཝ་ཏི་བཟང་པོ་དང་། གནས་ཆེན་བྲག་དཀར་རྟ་སོ་ཡོད་པ་མ་ཟད་དང་། རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་འཁྲུངས་མྱོང་ཡོད་པ་ཤེས་པ་ཙམ་ལས་ལོ་རྒྱུས་ཀྱི་བྱུང་བ་ཞིབ་ཕྲ་མཁྱེན་མཁན་ཧ་ཅང་དཀོན་པོར་གྱུར་ཡོད། ད་ཐེངས་《 མང་ཡུལ་སྐྱིད་གྲོང་གི་སྔོན་བྱུང་ལོ་རྒྱུས་》 ཞེས་པའི་དེབ་ཀྱི་ནང་། དེ་སྔའི་སྐྱིད་གྲོང་རྫོང་གི་སྤྲོད་དེབ་དང་། མཆོད་ཐེབས་བསྡུ་སྤྲོད་ཀྱི་དེབ་གཞི། ཞིབ་གཞུང་། ཁང་དེབ་སོགས་ཀྱིས་གཙོས་དཔྱད་གཞིའི་ཡིག་ཆ་བརྒྱ་ཕྲག་ལ་བརྟེན་ནས། ཕྱི་ལོ་ ༡༩༥༩ ཕན་གྱི་མང་ཡུལ་སྐྱིད་གྲོང་གི་སྔོན་བྱུང་སྤྱི་ཚོགས་དང་། རིག་གནས། ཡུལ་སྲོལ། གནས་གཞི་གྲགས་ཅན། མི་སྣ་གྲགས་ཅན། ཐོན་ཁུངས། ཁོར་ཡུག་བཅས་ཀྱི་ལོ་རྒྱུས་རགས་བསྡུས་སུ་བཀོད་ཡོད།
Comments
Post a Comment