ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། དེབ་གཉིས་པ།

Click on Cover to Preview Book Sample
དེབ་གཟུགས། 4.25 X 5.5
ལག་འཁྱེར་དེབ་ཆུང་།
དཔར་སྐྲུན་ལོ། 2022 [JA(A)/2022/17]
དཔར་གྲངས། 500 [V]
ཤོག་གྲངས། 152
Rs.150


དེབ་ཆུང་འདི་ནི་ ༸གོང་ས་མཆོག་གི་བཀའ་སློབ་ལས་ཟུར་འདོན་ཞུས་པའི་「ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། (གཉིས་པ།)」 ཞེས་པ་དེ་ཡིན། དེབ་འདིའི་ནང་དོན་གཙོ་བོ་ནི་ཆོས་ལུགས་བྱེ་བྲག་པ་ཞིག་ལ་མ་བརྟེན་པར་ འགྲོ་བ་མིའི་ལྷན་སྐྱེས་ཀྱི་རིན་ཐང་དང་བཟང་སྤྱོད་གོང་འཕེལ་གཏོང་སྟངས་སྐོར་ཡིན། དེབ་འདིའི་དཀར་ཆག་གི་ནང་དོན་གཙོ་བོ་ཁག་གཤམ་གསལ་ལྟར་བསྡུས་ཡོད།

  • བློ་སྦྱོང་དང་སྒོམ། བློ་སྦྱོང་གི་གོ་དོན་དང་། དེའི་ཕན་ཡོན་ལ་བསམ་ཞིབ་བྱེད་པ། ཕྱི་བཤོལ་ལ་གདོང་ལེན་བྱེད་པ། སྒོམ་རྒྱག་པའི་སྐབས་ཀྱི་གནས་དང་། ལུས་ཀྱི་འདུག་སྟངས། སེམས་ལྷོད་པོ་བཟོ་སྟངས་བཅས་ཀྱི་སྐོར།
  • སེམས་ཁམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་པ། ཉོན་མོངས་ཀྱི་རྒྱུ་ངོས་འཛིན་པ་དང་། ཁོང་ཁྲོ་སོགས་མི་དགེ་བའི་སེམས་ཚོར་ལ་གདོང་ལེན་བྱེད་སྟངས།
  • ནང་སེམས་ཀྱི་བདེ་སྐྱིད། ཆོག་ཤེས་ཀྱི་རིམ་པ་མི་འདྲ་བ་དང་། བཅོས་མ་མ་ཡིན་པའི་བདེ་སྐྱིད་སྐྲུན་བྱེད་ནང་སེམས་ཀྱི་སྟོབས་ཤུགས།
  • བྱམས་སྙིང་རྗེའི་ནུས་པ། འགྲོ་བ་མི་ཕན་ཚུན་གཞན་ལ་བརྟེན་དགོས་པའི་གནས་སྐབས་དང་། བྱམས་བརྩེའི་ནུས་སྟོབས། སྙིང་རྗེ་ནི་ཆོས་ཀྱི་གནད་དོན་ཙམ་མ་ཡིན་པར་ཀུན་ཁྱབ་ཀྱི་རིན་ཐང་ཞིག་ཡིན་པའི་སྐོར།
  • རང་གཅེས་འཛིན་གྱི་སྐྱོན་དང་རང་དོན་སྒྲུབ་ཚུལ། རང་གཅེས་འཛིན་གྱི་སྐྱོན་དང་། མིག་རྒྱང་རིང་པོས་གཞན་ཕན་དང་སྦྲགས་ཏེ་སྤྱང་པོའི་རང་འདོད་ཀྱིས་རང་དོན་སྒྲུབ་ཚུལ།
  • དྲང་བདེན་དང་དགོངས་ཡངས། དྲང་བདེན་གྱི་གནད་དོན་དང་། ཉེས་ཆད་ཀྱི་སྐོར། ལས་དང་བྱེད་པོ་སོ་སོར་འབྱེད་དེ་ཉེས་ཅན་པར་ལྟ་ཚུལ་དང་དགོངས་ཡངས་ཀྱི་ནུས་པའི་སྐོར།
  • བཟང་སྤྱོད་ཀྱི་ཁྱབ་ཆད་དང་ནང་གི་རིན་ཐང་། བཟང་སྤྱོད་ཀྱི་ཁྱབ་ཚད་དང་། རྣམ་དཔྱོད་ལ་བརྟེན་ནས་ནང་གི་རིན་ཐང་སྐྲུན་པ། ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་ལ་གདོང་ལེན་བྱེད་ཚུལ།
  • གོ་ལ་ཡོངས་ཀྱི་འགན་འཁྲི་དང་མ་འོངས་པ། ཕྱོགས་ཡོངས་ཀྱི་ལྟ་ཚུལ་བཟུང་སྟེ་གོ་ལ་ཡོངས་ཀྱི་དཀའ་ངལ་དང་གོ་ལ་ཡོངས་ཀྱི་འགན་འཁྲི་ཁུར་ཚུལ། སྒེར་གྱི་ནུས་པ་ལ་བརྟེན་ནས་འབྱུང་འགྱུར་གྱི་མི་རབས་དང་དུས་རབས་གསར་པར་རེ་བ་བཟང་སར་བཅོལ་ཚུལ་བཅས་ཀྱི་སྐོར་བསྟན་ཡོད།

Comments

Comments

Post a Comment