Click on Cover to Preview Book Sample
དེབ་གཟུགས། 4.25 X 5.5
ལག་འཁྱེར་དེབ་ཆུང་།
དཔར་སྐྲུན་ལོ། 2022 [JA(A)/2022/16]
དཔར་གྲངས། 500 [V]
ཤོག་གྲངས། 152
Rs.150
དཔེ་དེབ་འདི་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བསྩལ་བའི་བཀའ་སློབ་ལས་ཟུར་འདོན་ཞུས་པའི་ "ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད།" (Essence of Beyond Religion) ཅེས་པའི་དེབ་ཆུང་ཞིག་ཡིན། དེབ་འདིའི་ནང་དོན་གཙོ་བོ་ཁག་གཤམ་གསལ་ལྟར་རེད།
- ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་དགོས་མཁོ། དེང་དུས་ཀྱི་འཛམ་གླིང་ནང་ཆོས་ལུགས་བྱེ་བྲག་པ་གཅིག་ལ་གཞི་བཅོལ་བའི་བཟང་སྤྱོད་ཀྱིས་ཀུན་ལ་ཁྱབ་མི་ཐུབ་པས། ཆོས་དད་ཡོད་མེད་ཀུན་གྱིས་གཅིག་གྱུར་དུ་ཁས་ལེན་ཐུབ་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཐབས་ལམ་ཞིག་དགོས་གལ་ཆེ་བ་སྟོན་གྱི་ཡོད།
- བཟང་སྤྱོད་ཀྱི་ཀ་བ་གཉིས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་འདི་གཞི་རྩའི་རྩ་འཛིན་གཉིས་ཀྱི་ཐོག་ལ་གཞི་བཅོལ་ཡོད་དེ། གཅིག་ནི་འགྲོ་བ་མི་རིགས་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པར་གཅིག་གྱུར་ཡིན་པ་དང། གཉིས་ནི་མི་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་གནས་པའི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པ་དེ་རེད།
- ནང་སེམས་ཀྱི་རིན་ཐང་། དེང་སང་ཕྱི་དངོས་པོའི་ཡར་རྒྱས་ལ་དོ་སྣང་ཤུགས་ཆེ་བྱེད་པ་མ་གཏོགས། ནང་སེམས་ཀྱི་བྱམས་པ་དང་སྙིང་རྗེ་སོགས་ཀྱི་རིན་ཐང་ལ་སྣང་ཆུང་བཏང་བའི་རྐྱེན་གྱིས་འཛམ་གླིང་ནང་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པས། ནང་སེམས་ཀྱི་ཡོན་ཏན་གསོ་སྐྱོང་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་བྱས་ཡོད།
- ཚན་རིག་དང་ནང་སེམས་ཀྱི་རིན་ཐང་། འགྲོ་བ་མིའི་རང་འདོད་མེད་པའི་གཞན་ཕན་གྱི་བསམ་བློ་ནི། ང་ཚོའི་ལུས་པོའི་གྲུབ་ཆའི་རང་བཞིན་གྱི་ཐོག་ནས་རང་ཆས་སུ་ཡོད་པ་དེ་དེང་དུས་ཀྱི་དབང་རྩའི་ཚན་རིག་སོགས་ཀྱིས་ར་སྤྲོད་བྱུང་བའི་སྐོར་གླེང་ཡོད།
- རྒྱ་གར་གྱི་ཆོས་ལུགས་ལ་མ་བརྟེན་པའི་རིང་ལུགས། རྒྱ་གར་གྱི་ལོ་རྒྱུས་དང་རིག་གཞུང་ཁྲོད་ཆོས་ལུགས་ཚང་མར་གུས་བཀུར་དང་། ཆོས་དད་མེད་མཁན་ལའང་ཕྱོགས་རིས་མེད་པར་བཟོད་བསྲན་དང་གུས་ཞབས་བྱེད་པའི་ཆོས་ལུགས་ལ་མ་བརྟེན་པའི་རིང་ལུགས་ཀྱི་མིག་དཔེ་བཟང་པོ་ཡོད་པ་བསྟན་ཡོད།
- བདེ་སྐྱིད་ཀྱི་འབྱུང་ཁུངས། མིའི་བདེ་སྐྱིད་ཀྱི་ཆ་རྐྱེན་དུ་རྒྱུ་ནོར་དང་། འཕྲོད་བསྟེན། མཛའ་འབྲེལ་བཅས་དགོས་ཀྱང་། དེ་དག་གི་མཐར་ཐུག་གི་བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་ནི་ཕྱི་དངོས་པོ་ལ་རག་ལས་པ་མ་ཡིན་པར། ང་ཚོའི་ནང་སེམས་ཀྱི་བརྩེ་བ་དང་སྙིང་རྗེ་ཁོ་ན་ཡིན་པ་གསལ་བཤད་བྱས་ཡོད།
Comments
Post a Comment