Click on Cover to Preview Book Sample
978-93-90752-96-6
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 41
དཔར་སྐྲུན་ལོ། 2022 [JA(A)/2022/09]
དཔར་གྲངས། 500 [V]
ཤོག་གྲངས། 118
Rs.180
མཉམ་མེད་དྭགས་པོ་ལྷ་རྗེ།
རྗེ་སྒམ་པོ་པའི་ཞལ་ནས། “མ་འོངས་པའི་གང་ཟག་བདག་ལ་མོས་ཤིང། བདག་དང་མ་འཕྲད་སྙམ་པ་ཀུན་ཀྱང་། ཁོ་བོས་བརྩམས་པའི་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་དང་། ཐར་པ་རིན་པོ་ཆེའི་རྒྱན་ལ་སོགས་པའི་བསྟན་བཅོས་རྣམས་གཟིགས་པར་ཞུ། ང་དང་མངོན་སུམ་དུ་འཕྲད་པ་དང་ཁྱད་པར་མེད་པར་ཡོད་ཀྱི།” ཞེས་གསུངས་འདུག་པ་ལྟར། དཔེ་དེབ་འདིར་ཞལ་གདམས་ལམ་མཆོག་རིན་པོ་ཆེའི་ཕྲེང་བས་གཙོས། ཚོགས་ཆོས་མུ་ཏིག་གི་ཕྲེང་བ་དང་། ཚོགས་ཆོས་བཀྲ་ཤིས་ཕུན་ཚོགས། བསླབ་གསུམ་རྣམ་གཞག །ཆོས་བཞི་མདོར་བསྡུས་པ། ཉམས་ལེན་མདོར་བསྡུས་གནད་ཀྱི་གཟེར་གསང་བཅས་ཆོས་རྗེ་ཉིད་ཀྱི་ཐུགས་མཚོ་ལས་འཁྲུངས་པའི་ཞལ་གདམས་གཞུང་ཚན་དྲུག་བདམས་བསྒྲིགས་ཞུས་ཡོད།
ཞལ་གདམས་རེ་ཟུང་བཀོད་ན། སེམས་ཅན་ལ་གནོད་པ་བསྐྱལ་ནས་དཀོན་མཆོག་མཆོད་པ་ནི་བུའི་ཤ་བཅད་ནས་མ་ལ་སྟེར་བ་འདྲ་སྟེ་དོན་མེད། ཅེས་དང་། ཡང་གཅིག་པུར་སྡོད་མི་ཚུགས་པར་མི་དང་འགྲོགས་མི་ཤེས་པ་ནི་ཆོས་པའི་མཚང་། ཞེས་དང་། ནངས་པར་མལ་ནས་ཡར་ལངས་དུས་སུ། དེ་རིང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་བར་བྱ་སྙམ་པའི་སེམས་བསྐྱེད་རེ་གལ་ཆེ་བ་ཡིན་ཏེ། དེ་བཞིན་དུ་བྱས་ན་དེའི་ཉིན་པར་ཅི་བྱས་སེམས་བསྐྱེད་བཟང་པོ་དེས་དགེ་བར་འགྱུར། ཞེས་སོགས་ཧ་ཅང་གོ་བདེ་ལ་ཆོད་ཆེ་བའི་གདམས་པ་བྱིན་ཅན་ཤ་སྟག་གིས་གཏམས་ཡོད།
Comments
Post a Comment