Click on Cover to Preview Book Sample
978-93-90752-79-9
དེབ་གཟུགས། 6.25 X 9.5
ལོ་རྒྱུས་དེབ་ཕྲེང་། 65
དཔར་སྐྲུན་ལོ། 2022 [JA(A)/2022/06]
དཔར་གྲངས། 500 [V]
ཤོག་གྲངས། 156
Rs.660
ཕྲེང་རིང་སྐུ་ངོ་འཇིགས་མེད་སུམ་རྩེན་དབང་པོའི་སྐུ་ཚེའི་ལོ་རྒྱུས།
སྐུ་ངོ་ཕྲེང་རིང་་མཆོག་ནི་རབ་ཚེས་ས་སྤྲེལ་ ༡༩༠༨ ལོར་གཙང་དུ་ཕྲེང་རིང་གཞིས་ཀར་སྐུ་བལྟམས་པ་དང་། མཐར་རབ་གནས་ལྕགས་ལུག་ ༡༩༩༡ ལོར་གཟིམ་ཁྲི་མཐའ་ཅན་དུ་གྱུར། པར་དེབ་འདི་ནི་དུས་ཡུན་དེའི་རིང་སྟེ་གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དང་། ཁྱད་པར་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཛད་འཕྲིན་གྱི་རྦ་རླབས་ཁྲོད་དགའ་སྡུག་གི་གནས་སྟངས་ཀུན་ཏུ་དབུ་འོག་དཔུང་འདེགས་ཀྱི་སྲི་ཞུ་བསྒྲུབས་པའི་བྱུང་བ་གསལ་བའི་མེ་ལོང་ཞིག་ཀྱང་ཡིན་པ་རེད། པར་དེབ་འདི་ཉིད་ཀྱི་རྩོམ་སྒྲིག་པའམ་རྩོམ་པ་པོ་ནི་ཁོང་གི་ནུ་བོ་ཕྲེང་རིང་རིག་འཛིན་རྣམ་རྒྱལ་གྱི་སྲས་ཕྲེང་རིང་བསྟན་ནོར་ལགས་ད་ལྟ་ཨ་རིར་བཞུགས་པ་ཁོང་རེད།
པར་གྱི་ལམ་ནས་ལོ་རྒྱུས་ཀྱི་འགྲེལ་བརྗོད་བྱེད་པ་ནི་ལོ་རྒྱུས་དངོས་ར་འཕྲོད་པར་ལྷ་ཡིད་འཆེས་པ་དང་འདྲེ་ཁོ་ཐག་ཆོད་པའི་དཔེ་བཞིན་བདེན་པ་ལག་བཅངས་ཀྱི་ཁུངས་སྐྱེལ་ཞིག་ཀྱང་ཡིན། འབྲས་ལྗོངས་རྒྱལ་སྲས་ཀྱིས་༸རྒྱལ་བའི་ཞབས་ཞུ་མཛད་པ། ཞེས་པའི་པར་དེབ་འདི་ཉིད་སྐུ་ངོ་ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོ་མཆོག་གི་ཁྱིམ་ཚང་ལྟོས་བཅས་ཀྱི་བྱུང་བ་དང་ལྷན་ཅིག་དུས་རབས་ཉི་ཤུའི་དཀྱིལ་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། དེ་རྗེས་བཙན་བྱོལ་ནང་གི་འཇིག་རྟེན་གསར་པར་འགྱེལ་ས་ནས་ལངས་པའི་བྱུང་བ་གཅིག་ཡིན་པ་རེད།།
Comments
Post a Comment