Click on Cover to Preview Book Sample
978-93-90752-82-9
དེབ་གཟུགས། 5.5 X 8.5
ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། 50
དཔར་སྐྲུན་ལོ། 2022 [JA(A)/2022/03]
དཔར་གྲངས། 500 [V]
ཤོག་གྲངས། 286
Rs.390
བསམ་དཀྱིལ་རིན་ཆེན་དབང་རྒྱལ།
ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༥༠ པ་འདིའི་ནང། བོད་ལྗོངས་གཙང་རྒྱལ་རྩེ་རྫོང་ཁོངས་ས་མ་མདའ་ཡུལ་གྱི་ཆགས་བབས་དང་། ས་ཐོབ་ས་མཚམས་རྩིས་ལུགས། གནའ་ཤུལ་དགོན་སྡེ་ཁག སྒྲུབ་ཕུག རི་མཐོ་ས་གཙང། རི་དྭགས། གཅན་གཟན། འདབ་ཆགས་སོགས་རང་བྱུང་ཁམས་ཀྱི་སྐོར། ལོ་གསར་དང་། སེར་སྲུང་། ལྷ་གསོལ། འོང་སྐོར་སོགས་དུས་སྟོན་སྲུང་བརྩི་ཞུ་ཕྱོགས་དང་། བྱེ་བྲག་ས་མ་ཕུ་བསམ་འགྲུབ་དཀྱིལ་ཁང་ཁྱིམ་ཚང་གི་ལོ་རྒྱུས། ལྷག་པར་དུས་འགྱུར་ཡོ་ལངས་སྐབས་རྒྱ་དམར་བོད་ནང་བཙན་འཛུལ་གྱིས་བོད་ས་གང་སར་མི་སྤྱོད་ལས་འདས་པའི་དྲག་གནོན་སྤེལ་བར་ཉིན་མཚན་འཁྱོལ་དཀའི་དཀའ་སྡུག་མྱངས་མཐར་ ༡༩༦༠ ལོར་མཛེས་ཤིང་ཡིད་དུ་འོང་བའི་རང་ཡུལ་ནས་ཞལ་བྲལ་ཏེ་མི་འདོད་བཞིན་དུ་བྲོས་བྱོལ་དུ་ཐོན་ཚུལ། རིམ་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་འཁྲིད་དང་། རང་གཞུང་གི་མཛད་བྱུས་ལམ་སྟོན་འོག་བོད་མིའི་གཞིས་ཆགས་དང་པོ་ལུགས་ཟུང་བསམ་འགྲུབ་གླིང་དུ་གནས་གཞི་བཅས་སྐོར། བོད་ནང་གཉེན་འཕྲད་དུ་སྐྱོད་ཚུལ། གཞིས་ཆགས་ནང་རང་ནུས་ལ་དཔགས་པའི་སྤྱི་སྨན་ཞབས་ཞུ་དང། བོད་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་སྐད་ཡིག་སྲུང་སྐྱོབ་དར་འཕེལ་ཐུབ་སླད་ཐུགས་ཁུར་ཆེ་བཞེས་ཐོག་གཞེན་སྐུལ་རྩོམ་ཡིག་ཁག་གཅིག་བཅས་གསལ་ཡོད།།
Comments
Post a Comment